༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

འབྲུག་གི་དངུལ་ཁང་གིས་ བརྡ་དོན་ལྟེ་བའི་ངོ་ཚབ་ལཱ་གཡོག་གི་སྡེ་ཚན་གོ་བསྡུར་གྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་མི་ཚུ་ གསལ་བསྒྲགས་འབདཝ་ཨིན། མིང་ཐོ་འཁོད་པའི་མི་ངོམ་ཚུ་གིས་ འོག་ལུ་བཀོད་དེ་ཡོད་མི་ཚུ་ཐུགས་ཁར་བསྣམས་གནང་།

སྤྱི་ཚེས།                ༡༤/༠༥/༢༠༡༩

འཛོམས་སའི་ས་གནས།           དངུལ་འབྲེལ་གཙུག་སྡེ་སྦྱོང་བརྡར་སྤེལ་ཁང་།

ན་གཞོན་གོང་འཕེལ་མ་དངུལ་གྱི་གདོང་ཕྱོགས། ཐིམ་ཕུག

སྙན་ཞུ་འབད་དགོ་ནིའི་དུས་ཚོད།   དྲོ་པ་ཆུ་ཚོད་ ༩ ལུ།

གོ་བསྡུར་འགོ་བཙུགས་ཀྱི་དུས་ཚོད།     དྲོ་པ་ཆུ་ཚོད་ ༩ དང་སྐར་མ་ ༣༠

ཁྱོད་རང་ཕྱི་སེལ་གྲུབ་མ་གྲུབ་བལྟ་ནིའི་དོན་ལུ། འདི་ནཱ་ཨེབ།

དོགས་སེལ་རེ་ཡོད་པ་ཅིན་ མི་སྟོབས་འགོ་དཔོན་དང་གཅིག་ཁར་ ༧༧༦༧༢༦༧༡/༡༧༤༢༩༨༧༨/༡༧༦༣༡༦༨༤ ནང་ འབྲེལ་བ་མཛད་གནང་།