སོནམ་ཞིང་ལཱའི་བསྐྱིན་འགྲུལ།

སོན་ནམ་རིག་པའི་མགས་མཆོག་དང་ མི་སེར་སོ་ནམ་པ་ཚུ་གིས་ འབྲུག་གི་དངུལ་ཁང་གི་སོ་ནམ་པའི་བསྐྱིན་འགྲུལ་ཐོག་ལས་ ཁོང་རའི་སོ་ནམ་གྱི་ཐོན་སྐྱེད་ཚུ་ཡར་དྲག་གཏང་སྟེ་ འོང་འབབ་ལེགས་ཤོམ་སྦེ་བཟོག་ཚུགས། བསཀྱིན་འགྲུལ་དེ་ཡང་ སོ་ནམ་གྱི་ལཱ་ནང་ལུ་ཉེ་བར་མཁོ་བའི་ལག་ཆས་ ཊེག་ཀྲར། འཕྲུལ་གླང་པཱ་བར་ཊི་ལར། སོན་ཚུ་ཉོ་ནི་དང་ གཞན་ཡང་ སོ་ནམ་གྱི་ལས་སྣ་ཚུ་ནང་ལུ་ལག་ལེན་འཐབ་ཚུགས། བསྐྱིན་འགྲུལ་འདི་ ལྡུམ་ར་རིག་པའི་ལཱ་དང་ ཉ་གསོ་སྐྱོང་ དེ་ལས་ སྒོ་ནོ་གསོ་སྐྱོང་གི་དོན་ལུ་ཡང་འཐོབ་ཚུགས།

ཁྱད་ཚད།

སོ་ནམ་ཞིང་ལཱ་འབད་མི་དང་ སོ་ནམ་གྱི་ལཱ་འབད་སའི་ཞིང་ཡོད་མི་ཆ་མཉམ།

བསྐྱིན་འགྲུལ་གྱི་ཚད།

བསྐྱིན་འགྲུལ་དེ་ཡང་ ལས་འགུལ་འདི་གི་ཡོངས་བསྡོམས་ཀྱི་ཟད་འགྲོ་ལས་ བརྒྱ་ཆ་ ༧༥ ཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ལོ་ ༡༥ འི་རིང་ལུ་ཐོབ།

ཡིག་ཆ་དགོཔ།

  • གལ་སྲིད་བསྐྱིན་འགྲུལ་འདི་བར་ན་མི་བཙུགས་ཏེ་ལེན་པ་ཅིན་ བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་དགོ
  • བསྐྱིན་འགྲུལ་ལེན་མི་གི་པར།
  • གཏའ་མ་བཙུགས་ཡོད་པའི་རྒྱུ་ནོར་ དཔེར་ན་ ས་དང་ཁྱིམ་ལ་སོགས་པའི་ བདག་དབང་གྱི་ལག་ཁྱེར་དང་ རིན་གོང་གི་ལག་ཁྱེར་ཚུ་དགོ
  • སྤྱི་རུབ་ཐོག་གི་བསྐྱིན་འགྲུལ་གྱི་དོན་ལུ་ མི་ངོ་འདི་ལོ་ ༡༨ ལས་ཡར་ལྟབ་དགོ་པའི་ཁར་ ནང་མི་བཟའ་ཚང་ཚུ་གི་ཉོག་མེད་ལག་ཁྱེར་ཚུ་དགོ
  • གཏའ་མའི་རིན་གོང་དེ་ཡང་ ཁྱད་ཚད་ལྡན་པའི་བཟོ་རིག་འགོ་དཔོན་གྱིས་འབད་དགོཔ་མ་ཚད་ དངུལ་ཁང་གི་བཟོ་རིག་འགོ་དཔོན་གྱི་བསྐྱར་ཞིབ་འབད་དེ་ བདེན་སྦྱོར་འབད་དགོ
  • ཁྱིམ་གྱི་དཔྱ་སྙོམས་ཁང་གླ་དང་ ཚོང་འབྲེལ་འོང་འབབ་ཀྱི་ཁྲལ་བཏབ་ཡོད་མི་ཐོག་ལས་ བསྐྱིན་འགྲུལ་ལོག་བཏབ་ནིའི་ཐོན་ཁུངས་འདི་གཏན་ཁེལ་བཟོ་དགོ
  • ཀྲེག་ཊར་དང་འཕྲུལ་གླང་ དེ་ལས་གཞན་ཡང་སོ་ནམ་ཞིང་ལཱའི་འཕྲུལ་ཆས་ཚུ་གི་དོན་ལུ་ ་གནང་བ་ཡོད་པའི་ཚོང་འབྲེལ་པ་ཚུ་ལས་ རིན་བསྡུར་འབད་ཡོད་པའི་ཡིག་ཆ་དང་འཛིན་ཤོག་ཚུ་དགོ
  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥