དངུལ་བཏོན་འཕྲུལ་ཆས། (ཨེ་ཊི་ཨེམ)

འབྲུག་གི་དངུལ་ཁང་གིས་ ཁྱབ་ཆེ་དྲགས་སྦེ་ གཞི་བཙུགས་འབད་དེ་ཡོད་པའི་ དངུལ་བཏོན་འཕྲུལ་ཆས་དེ་གིས་ དུས་ཡུན་ ཆུ་ཚོན་ ཁལ་གཅིག་བཞི་གི་ནང་ལུ་ དངུལ་བཏོན་ནི་ནང་ལུ་ འཇམ་ཏོང་ཏོ་དང་སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ཨིན།མཐོང་གསལ་ཅན་གྱི་དངུལ་བཏོན་འཕྲུལ་ཆས་ཀྱི་གསལ་གཞི་དང་ འཕྲུལ་ཆས་དེ་གི་བཀོད་རྒྱ་ཚུ་ཡང་ ཧ་གོ་ནི་འཇམ་ཏོང་ཏོ་སྦེ་ཡོད་མི་དེ་གིས་ དངུལ་བཏོན་འཕྲུལ་ཆས་ལག་ལེན་འཐབ་ནི་འདི་ བྱ་སྟབས་མ་བདེ་ཏོག་ཏོ་བཟོ་དོ་ཡོདཔ་ཨིན།

ཁེ་ཕན།

  • སྐད་ཡིག་དེ་ཡང་སྐད་གཉིས་ཤན་སྦྱར་སྦེ་ཡོདཔ་ཨིན།
  • དུས་ཡུན་ཁལ་གཅིག་བཞི་ནང་ལུ་ དངུལ་བཏོན་ནི་འདི་ག་ནི་བ་སྟབས་བདེ་ཏོག་ཏོ་སྦེ་ཡོདཔ་ཨིན།
  • དངུལ་མགྱོགས་དྲགས་སྦེ་བཏོན་ཚུགས།
  • རྩིས་ཐོ་ཚུ་ཐོབ་ཚུགས།
  • དངུལ་ལྷག་ལུས་གཟིགས་ཚུགས།
  • ཁྱོད་རའི་གསང་ཨང་ཚུ་སོར་ཚུགས།
  • འབྲུག་གི་དངུལ་ཁང་ནང་འཁོད་ཀྱི་རྩིས་ཁྲ་ཚུ་དང་ གཞན་གྱི་དངུལ་ཁང་ཚུ་ནང་དངུལ་གཏང་ཚུགས།
  • དངུལ་འཛིན་གྱི་དེབ་ཀྱི་ཞུ་བ་འབད་ཚུགས།
  • ཁྱོད་རའི་རྩིས་ཁྲ་གི་ཁ་གསལ་གྱི་ཞུ་བ་ཚུ་འབད་ཚུགས།
  • དངུལ་བྱང་མེད་པར་ཡང་དངུལ་བཏོན་བཏུབ།