རྒྱལ་སྤྱིའི་དངུལ་སྤྲོད་ཤོག་བྱང་།

འབྲུག་གི་དངུལ་ཁང་གིས་ འཛམ་གླིང་ནང་ལུ་འགྲོ་འགྲུལ་འབདཝ་ད་ཉོ་ཚོང་རྐྱབ་ནི་དང་དངུལ་བཏོན་ནི་ ཡང་ན་ ཟད་འགྲོ་གཏང་ནི་ཚུ་ལུ་ལྷན་ཐབས་འབདཝ་ཨིན། རྒྱལ་སྤྱིའི་དངུལ་སྤྲོད་ཤོགས་བྱང་སྐྱོད་ཐམ་འདི་ ཡོངས་འབྲེལ་ཐོག་ཉོ་ཚོང་དང་ སྐྱོད་ཐམ་ པི་ཨོ་ཨེསི་ཡོད་སའི་ས་ཁོངས་ ག་རའི་ནང་ལག་ལེན་འཐབ་བཏུབ།

ཁེ་ཕན།

  • རང་རྐྱང་ཀི་ངོས་འཛིན་ཨང་གསར་སྐྲུན་འབད་ནི།
  • ད་ལྟོ་ཉོ་ དངུལ་ཤུལ་ལས་སྤྲོད་ ཉིན་གྲངས་ ༤༥ ཚུན་ དངུལ་སྐྱེད་མེད་པའི་ཐོབ་ལམ་སྤྱོད།
  • ག་ནི་བས་བྱ་སྟབས་བདེ་བའི་ ཉོ་ཚོང་དང་ཚོང་འབྲེལ་གྱི་དངུལ་ལོག་སྤྲོད་ལས་ ཟླ་རིམ་བཞིན་ མ་དངུལ་རྩིས་ཆད་ལུ་ བརྒྱ་ཆ་ ༢༥ རྐྱངམ་ཅིག་ལེནམ་ཨིན།
  • ག་ནི་བས་འཇམ་ཏོང་ཏོ་གི་ ཉོ་ཚོང་དང་ཚོང་འབྲེལ་གྱི་དངུལ་སྤྲོད།
  • ཉེན་སྲུང་དང་ལྡན་པའི་ དངུལ་སྤྲོད་ཤོག་བྱང་གི་ རྩིས་ཐོའི་ཞབས་ཏོག
  • ལྷོད་ལམ་ཆེ་བའི་ ཡོངས་འབྲེལ་ཐོག་ ཉིན་ནུབ་འབྲེལ་བའི་རྩིས་ཁྲའི་འདྲི་དཔྱད་ཞབས་ཏོག
  • གློག་འཕྲིན་ཐོག་ལས་ དངུལ་བཏོན་རེ་རེ་བཞིན་དུའི་ དུས་ཐོག་དྲན་སྐུལ་ཞབས་ཏོག

ཞུ་ཡིག་གི་བྱ་རིམ།

  • ཞུ་ཡིག་ཕབ་ལེན་འབད་དེ།
  • ཞུ་ཡིག་འབྲི་ཤོག་ནང་འཁོད་ཡོད་པའི་ དགོས་མཁོའི་ ཡིག་ཆ་ཚུ་དང་སྦྲགས་ འབྲུག་དངུལ་ཁང་གི་ ཡན་ལག་ཡིག་ཚང་ གང་རུང་ནང་སྤྲོད་དགོ

ཁྱད་ཚད།

  • ཁྲིམས་མཐུན་དངུལ་སྤྲོད་ཀྱི་ཐོན་ཁུངས་ཡོད་མི་ སྐྱེས་ལོ་ ༡༨ ལས་ ༧༠ བར་གྱི་ འབྲུག་པའི་མི་ཁུངས་གང་རུང་གཅིག
  • དངུལ་ཕོགས་ཐོབ་ལམ་ཡོད་པའི་ ཐོབ་ལམ་ངེས་ཏིག་ཉུང་མཐའ་ དངུལ་ཀྲམ་ ༡༠,༠༤༠ འབད་མི་ལས་གཡོགཔ་ཚུ།

སྤྱོད་ཐངས/ལག་ལེན་འཐབ་ཐངས།

  • འབྲུག་རྒྱལ་ཁབ་ རྒྱ་གར་དང་ བལ་བོ་ལས་ལྷག་པའི་ ཕྱི་རྒྱལ་ལུ་ ཆ་གནས་ཡོད།
  • བཙོང་སའི་ཐོན་འཛུལ་ས་ཁོངས་ ཡོངས་འབྲེལ་ཐོག་ཉོ་སྒྲུབ་ཚུ་དང་ སྐྱོད་ཐམ་དངུལ་བྱང་།

དངུལ་སྤྲོད།

  • བྱ་སྟབས་བདེ་བའི་ དངུལ་སྤྲོད་ཐབས་ལམ་ཡོད་པའི་ རང་ཤུགས་ཀྱི་ཕབ་རྩིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ དངུལ་ཁང་ལས་དོན་ mBoB དང་ དངུལ་ལག་སྤྲོད་ཚུ།

ཚད/ཚད་གཟུང་།

  • འོས་འབབ་ཡོད་པའི་ ཁྱོད་རའི་མ་དངུལ་འོང་རྩིས་ (USD རྩིས་ཚད) འདི་ཡང་ དངུལ་བྱང་ཞུ་ཡིག་ནང་ལུ་ བཀོད་ཡོད་པའི་ ཁྱོད་རའི་ཁ་གསལ་དང་ དངུལ་འབྲེལ་ ཡང་ན་ USD ༡༠༠ (ག་ཉུངམ་ཅིག) ལུ་ གཞི་བཞག་སྟེ་ རྩིས་རྐྱབ་ཨིན།
  • ཁྱོད་རའི་འོང་རྩིས་ཚད་འདི་ USD ༡༠༠༠ ལས་ལྷག་པ་ཅིན་ ཁྱོད་རའི་དངུལ་བྱང་ལུ་ ATS USD ཚད་འདི་ཁ་སྐོང་བཀལ་བཏུབ།
  • ཁྱོད་རའི་དངུལ་སྤྲོད་ཤོག་བྱང་ལས་ ATS ཚད་འདི་ ལག་ལེན་འཐབ་བཏུབ་བཟོ་ནའི་དོན་ལུ་ ཁྱོད་རའི་མཁའ་འགྲུལ་ཤོག་འཛིན་འདི་ གློག་འཕྲིན་ཐོག་ འབྲུག་དངུལ་ཁང་གི་ དངུལ་བྱང་སྤྲོད་ལེན་པ་ལུ་ གློག་འཕྲིན་ཁ་བྱང་ [email protected]ལུ་གཏང་དགོ
  • • ཁྱོད་རའི་དངུལ་བྱང་འོས་ཚད་འདི་ ཉེན་སྲུང་ཅན་གྱི་གཏའ་མ་ བདོག་གཏད་ འཛིན་དབང་ཡོད་པའི་ བཅོལ་བཞག་ CASA རྩིས་ཁྲ་ དུས་སྟབས་དངུལ་བཙུགས་ ཡང་ན་ Recurring Deposit account གུ་འབད་ ཡར་སེང་འབད་བཏུབ།

དྲན་གསསོ༔ ཤོག་བྱང་གུ་ལས་ ATS སྤྱོད་ནི་གི་དོན་ལུ་ ཆ་གནས་ཡོད་པའི་ལམ་ཡིག་དང་འདྲ་བཤུས་དང་ གཏན་འཁེལ་ཨིན་པའི་ མཁའ་འགྲུལ་ཤོག་འཛིན་དགོ

ཉེན་སྲུང་།

  • ཉེན་སྲུང་དང་ལྡན་པའི་ དངུལ་བྱང་དང་ POS རྩིས་ཐོའི་དོན་ལུ་ དེང་སང་EMV Standard-Chip དང་ ངོས་འཛིན་ཨང་འདི་ ཡོངས་འབྲེལ་ཐོག་ ཉོ་སྒྲུབ་ཀྱི་དོན་ལུ་ སྐྱོད་ཐམ་གྱིས་བདེན་སྦྱོར་འབད་ཡོདཔ་ཨིན།
  • འབྲུག་དངུལ་ཁང་གི་ EMV དངུལ་སྤྲོད་ཤོག་བྱང་འདི་ མཛེས་ཆ་དང་ལྡན་པའི་ ཕྲ་ཤབས་ཅན་འདི་གིས་ འདྲ་གཉིསམ་བཟོ་ནི་ལས་ ཁ་སྐོང་གི་ཉེན་སྲུང་ཡོདཔ་ཨིན། འདི་མ་ཚད་ ངོས་འཛིན་ཨང་དང་སྦྲགས་ཏེ་ བང་རིམ་འཐེབ་སྦེ་ཉེན་སྲུང་འབདཝ་ཨིན།

འཐུས་དང་སྤྱོད་འཐུས།

འཐུས་ མ་དངུལ་
གལ་ཅན་དངུལ་བྱང་སྤྲོད་ནི། དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༢༤༩༩
ཁ་སྐོང་དངུལ་བྱང་སྤརོད་ནི། དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༩༩༩
ལོ་བསྟར་འཐུས་– གལ་ཅན་དངུལ་བྱང་། དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༩༩༩
ལོ་བསྟར་འཐུས་– ཁ་སྐོང་དངུལ་བྱང་། དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༢༩༩
གསར་ཚབ་འཐུས། དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༢༠༠
སྐོར་རྐྱབ་བུ་ལོན་ལུ་དངུལ་སྐྱེད། རྩིས་ཆད་ལུ་ བརྒྱ་ ༢.༥
དངུལ་སྤྲོད་ཕྱི་བའི་འཐུས། ཆད་ལུས་མ་དངུལ་ལས་ དངུལ་ཀྲམ་ ༢༠༠ ཡང་ན་ བརྒྱ་ཆ་༠.༥ ག་མཐོཝ་ཅིག
འོས་ཚད་ལས་བརྒལ་བའི་འཐུས། འོས་ཚད་ལས་བརྒལ་བའི་མ་དངུལ་ལས་ དངུལ་ཀྲམ་ ༢༠༠ ཡང་ན་ བརྒྱ་ཆ་ ༠.༥ ག་མཐོཝ་ཅིག
དངུལ་བཏོན/སྔ་སྤྲོད། ཟླ་རིམ་བཞིན་དུ་ དངུལ་བཏོན་མི་ལུ་ མ་དངུལ་ བརྒྱ་ཆ་ ༡.༥ ། དངུལ་སྐྱེད་འདི་ཡང་ ཏི་རུ་བཏོན་པའི་ཉིན་མ་ལས་ དངུལ་སྤྲོད་མ་འབྱོར་ཚུན། ཨིན་རུང་ འོང་རྩིས་ལྷག་ལུས་ལས་བཏོན་པའི་ཏི་རུ་ལུ་ དངུལ་སྐྱེད་མི་ཕོག
དངུལ་རྐྱང་བཏོན་པའི་འཐུས།
  1. ༡༽ ཏི་རུ་བཏོན་ཡོད་པའི་མ་དངུལ་ལས་ དངུལ་ཀྲམ་ ༣༠༠ ཡང་ན་ བརྒྱ་ཆ་ ༣ ག་མང་མི་ཅིག་ ༼གཞན་མི་སྐྱོད་ཐམ་དངུལ་བྱང་ཡོད་ས་ལས་༽
  2. ༢༽ ཏི་རུ་བཏོན་ཡོད་པའི་མ་དངུལ་ལས་ དངུལ་ཀྲམ་ ༢༠༠ ཡང་ན་ བརྒྱ་ཆ་ ༢ ག་མང་མི་ཅིག་ ༼འབྲུག་དངུལ་ཁང་གི་དངུལ་བྱང་ཚུ་ལས༽
དངུལ་བྱང་ལྷག་ལུས་འདྲི་དཔྱད་འཐུས། དངུལ་ཚར་རེ་བཏོནམ་ད་ དངུལ་ཀྲམ་ ༥༠
ཕྱི་བཏོན་འཐུས། མ་དངུལ་བཏོན་མི་ལས་ བརྒྱ་ཆ་ ༡.༥
དངུལ་བྱང་ཆ་གནས། ལོ་ ༣
ཕྱི་བཏོན་འཐུས། མ་དངུལ་བཏོན་མི་ལས་ བརྒྱ་ཆ་ ༡.༥

དྲན་གསོཿ ཁྱོད་རའི་དངུལ་བྱང་འདི་ ཁྱོད་རའི་རྩིས་ཁྲ་ལས་སོ་སོའི་དངུལ་ དཔེན་ན་ རྒྱ་གར་གྱི་དངུལ་སྤྲོད་ཀྱི་དོན་ལུ་ ལག་ལེན་འཐབ་ད་ ཕྱི་དངུལ་བརྗེ་སོར་གྱི་ལམ་ལུགས་དགོ ཕྱི་དངུལ་བརྗེ་སོར་གྱི་གོང་ཚད་འདི་ སྦུང་ཚོང་གི་གོང་ཚད་དང་ སྐྱོད་ཐམ་དང་དངུལ་ཁང་གིས་ གོང་ཚད་འགབ་ནི་གི་དོན་ལུ་ ལེན་ཡོད་པའི་སྐོང་བརྒྱ་ཆ་སྦེ་ ལག་ལེན་འཐབ་ཨིན།

  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥