གཞི་བཙུགས་ནིའི་བསྐྱིན་འགྲུལ།

འབྲུག་གི་དངུལ་ཁང་གི་ གཞི་བཙུགས་ནིའི་བསྐྱིན་འགྲུལ་འདི་གིས་ གཡོག་ནང་ལུ་གསརཔ་སྦེ་འཛུལ་མི་གི་ མི་ཚེའི་གནས་སྟངས་ཡར་དྲག་གཏང་ནིའི་ནང་ལུ་ ཁེ་ཕན་སྦོམ་རང་ཡོདཔ་ཨིན། བསྐྱིན་འགྲུལ་འདི་གི་ཐོག་ལས་ ཁྱིམ་ནང་ལུ་ཉེ་བར་མཁོ་བའི་ཅ་ཆས་དང་ཁྱིམ་ནང་གི་མཐུན་རྐྱེན་ དེ་ལས་ ཐབ་ཚང་ནང་ལུ་དགོ་པའི་ ཐབ་ཆས་ཀྱི་རིགས་ཚུ་ མཁོ་སྒྲུབ་འབད་དེ་ མི་ཚེ་གི་གནས་སྟངས་འདི་ ག་ཅི་དེ་བཏེ་ཉམས་ཅན་དང་སྟབས་བདེ་ཏོག་ཏོ་བཟོ་ནི་ནང་ལུ་ ཁེ་ཕན་སྦོམ་ཡོདཔ་ཨིན།

ཁྱད་ཚད།

  • གཞུག་གི་ལས་ཁུངས་དང་ལས་འཛིན། མཉམ་འབྲེལ་ལས་འཛིན་ཁག་གི་ ལས་གཡོགཔ་གསརཔ་དང་ གཞན་ཡང་ གཞི་བཙུགས་འབད་དེ་ ལོ་ ༥ ལྷག་ཡོད་པའི་ མིང་གཏམ་ཅན་གྱི་ སྒེར་གྱི་ལས་སྡེ་ཚུ་གི་ ལཱ་གཡོག་གསརཔ་ཚུ་ལུ་ བསྐྱིན་འགྲུལ་ཐོབ་ནིའི་འོས་འབབ་ཡོདཔ་ཨིན།
  • བསྐྱིན་འགྲུལ་ལེན་མི་དང་སྡེ་རིམ་གཅིག་པ་ཨིན་མི་དང་ ཡང་ན་ སྡེ་རིམ་མཐོ་ཤོས་འབད་མི་ ལྷན་ཁག་གཅིག་ནང་ལཱ་འབད་མི་ ཉུང་ཤོས་རང་ ལོ་ ༣ གྱི་རིང་ལུ་ ལཱ་གཡོག་འདི་ནང་ ཕྱག་ཞུའི་ནི་གཏན་འཁེལ་ཡོད་མི་ ཁག་ལེན་མི་གཅིག་དགོ

བསྐྱིན་འགྲུལ་གྱི་ཚད།

མི་ངོ་འདི་གི་ དངུལ་ཕོགས་དང་འཁྲིལ་ དངུལ་ཀྲམ་མཐོ་ཤོས་རང་ ༥༠,༥༠༠ དང་ དངུལ་ཕོགས་ལས་ བརྒྱ་ཆ་ ༣༠ ག་ཉུང་མི་དང་འཁྲིལ་ཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ལོ་ ༢ ཀྱི་རིང་ལུ་ཐོབ།

ཡིག་ཆ་དགོཔ།

  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ བསྐྱིན་འགྲུལ་གྱི་འབྲི་ཤོག
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་(ཁག་ལེན་མི་འདི་ བསྐྱིན་འགྲུལ་ལེན་མི་དང་སྡེ་རིམ་དོ་མཉམ་ཅིག་དང་ ང་ན་ དེ་ལས་མཐོ་མི་ ཡིག་ཚང་གཅིག་ནང་ལཱ་འབད་མི་ཅིག་དགོ) བསྐྱིན་འགྲུལ་ལེན་མི་འདི་གི་གཉིས་ཆ་ར་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་དགོ
  • བསྐྱིན་འགྲུལ་ལེན་མི་གི་ད་རེས་ཁམས་ཅིག་ཁར་བཏབ་ཡོད་པའི་པར།
  • བསྐྱིན་འགྲུལ་ལེན་མི་འདི་གིས་ ཁོ/མོ་རའི་ཡིག་ཚང་/གཡོག་སྤྲོད་མི་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་དངུལ་ཕོགས་འདི་ནང་ལས་ རྟོགས་ཆོག་པའི་གནང་བའི་ཡི་གུ།
  • བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་རྟོགས་ཏེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་ ཚུལ་མཐུན་སྦེ་བསྐང་ཡོད་མི་དངུལ་ཕོགས་ཀྱི་འཛིན་གྱི་ཤོག་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ དེ་ལས་ གྲོས་འཆར་བཀོད་དེ་ཡོད་མི་ཚུ་དགོ
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཀྱི་ གཡོག་བསྐོས་བཀའ་རྒྱ།
  • སྟོན་བསྒྲགས་ཀྱི་དེ་ཡང་ མཚན་རྟགས་བཀོད་དེ་ ཞུ་ཡིག་འབྲི་དང་གཅིག་ཁར་བཙུགས་དགོ
  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥