ཕྱིར་ཚོང་དོ་སྐྱེལ་འདྲེན་གྱི་དངུལ་ཚབ།

འགྲན་བསྡུར་ཅན་གྱི་རྒྱལ་སྤྱིའི་ཚོང་ལམ་ནང་ལུ་འཛུལ་ཏེ་ ཚོང་སྒྱུར་འབད་ཐབས་ཀྱི་དོན་ལུ་ དངུལ་འབྲེལ་གྱི་རྒྱབ་སྐྱོར་སྒྲིང་སྒྲིང་སྦེ་དགོཔ་ ཁག་ཆེ་དྲགས་ཅིག་ཨིན། ཁྱོད་རའི་ཚོང་ལཱ་འདི་ མཐར་འཁྱོལ་ཅན་ཅིག་བཟོ་ཐབས་ཀྱི་དོན་ལུ་ འབྲུག་གི་དངུལ་ཁང་ལུ་ཁྱད་ཆོས་ཚུ་ག་ར་ཚངམ་སྦེ་ཡོདཔ་ཨིན། འབྲུག་གི་དངུལ་ཁང་གིས་ ཁྱོད་རའི་ཐོན་སྐྱེད་སྒམ་རྐྱབ་ནི་དང་ དོ་སྐྱེལ་འདྲེན་གྱི་དོན་ལུ་ སྔོན་འབྱིན་མ་དངུལ་གྱི་རྒྱབ་སྐྱོར་དང་ ཕྱི་རྒྱལ་ཉོ་ཚོང་པ་ཚུ་གི་དོན་ལུ་ དངུལ་ཚབ་ཀྱི་ཡི་གུ་ཐོག་ལས་ རྒྱབ་སྐྱོར་ཚུ་ཕུལ་དོ་ཡོདཔ་ཨིན།

 

 

 

ཁྱད་ཚད།

 

 

འདས་པའི་ལོ་ལྔ་གི་རིང་ལུ་ དུས་ཨ་རྟག་རང་ ཕྱིར་ཚོང་ དོ་སྐྱེལ་འདྲེན་གྱི་དངུལ་ཚབ་ཀྱི་ཞབས་ཏོག་ལེན་ཡོད་མི་དང་ ཚོང་ལཱའི་ཐོ་ལེགས་ཤོམ་སྦེ་ཡོད་མི་ག་ར་གིས་ ཞབས་ཏོག་འདི་འཐོབ་ཚུགས། 

 

 

 

ཚད།  

 

འདས་པའི་ལོ་གསུམ་གྱི་རིང་ལུ་ སྤྱི་སྙོམས་གྲུབ་འབྲས་ཀྱི་ཚད་ལས་ བརྒྱ་ཆ་ ༥༠%

 

སྐྱེད་ཀྱི་ཚད།

 

ད་ལྟོ་ཡོད་པའི་སྐྱེད་ཀྱི་ཚད་འདི་ ལོ་རེ་ལུ་ ༩.༨༦%

 

 

དུས་ཡུན།

 

ཟླ་ངོ་ ༦ གི་རིང་།

 

 

 

དགོས་མཁོའི་ཡིག་ཆ།

 
    • ཆ་གནས་ཡོད་པའི་ཕྱིར་ཚོང་གི་ཆོག་ཐམ་གྱི་འདྲ།
    • འདས་པའི་ལོ་གསུམ་ཀྱི་རིང་ལུ་ ཚོང་སྒྱུར་གྱི་ཚོད་རྩིས་བཏོན་ཡོད་པའི་ཕྱིར་ཚོང་དང་ ལོ་འདི་གི་ ཕྱིར་ཚོང་འཐབ་ཡོད་པའི་རྩིས།
    • གན་ཡིག་གནས་ཚད་ནང་ལུ་ འོག་ལུ་བཀོད་དེ་ཡོད་པའི་ བརྡ་དོན་ཚུ་ཚུད་དགོཔ་ཨིན།
    • ཕྱིར་ཚོང་གི་སྤུས་ཚད་དང་གྲངས་ཚད།
    • བདེ་སྒྲིག་འབད་ཡོད་པའི་རིན་གོང་།
    • དངུལ་ལོག་སྤྲོད་ནིའི་ཁ་ཚིག།
    • དངུལ་ཚབ་ཀྱི་ཡི་གུ་ (LC) གི་ཁ་ཚིག་གནས་ཚད།
    • དངུལ་ལོག་སྤྲོད་མི་གི་དབང་ཚད་ཡོད་མི་ཚུ་ མཉམ་སྡེབ་འབད་དགོ།
    • གལ་སྲིད་བྱ་སྟབས་མ་བདེཝ་རེ་འཐོན་པ་ཅིན་ སེལ་ཐབས་ཀྱི་ས་གནས་ཚུ་ཡང་ ངོས་འཛིན་འབད་དགོཔ་ད་ ས་གནས་དེ་ཡང་འབྲུག་ནང་འཁོད་རང་ གདམ་དོ་ཡོདཔ་ཨིན།