Help Line

 

རྒྱབ་སྐྱོར་ལེན་ནི་དོན་ལུ་བརྒྱུད་འཕྲིན་ཨང་གྲངས།

 

གལ་སྲིད་ ང་བཅས་ཀྱི་ཞབས་ཏོག་སྤྱོད་པའི་སྐབས་ལུ་ བྱ་སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ང་བཅས་དང་གཅིག་ཁར་ དྲོ་པ་ཆུ་ཚོད་ ༨ ལས་ ཕྱི་རུ་ ཆུད་ཚོད་ ༡༡ གི་ནང་འཁོད་ འོག་ལུ་བཀོད་དེ་ཡོད་པའི་ བརྒྱུད་འཕྲིན་ཨང་གྲངས་ཚུ་གི་ཐོག་ལས་ འབྲེལ་བ་མཛད་གནང་།

  • ༡༽ ༡༠༩༥ (རིན་མེད་སྟོང་པ།༽
  • ༢༽ +༩༧༥-༢-༣༤༩༩༠༣ (ཕྱི་རྒྱལ་བཞུགས་མི་ཚུ་གི་དོན་ལུ།)

ཞབས་ཏོག

 

ད་རེས་ནངས་པ་ འབྲུག་གི་དངུལ་ཁང་གི་ འབྲེལ་བ་འཐབ་སའི་ལྟེ་བ་འདི་གིས་ འོག་ལུ་བཀོད་དེ་ཡོད་པའི་ཞབས་ཏོག་ཚུ་འཕུལ་དོ་ཡོདཔ་ཨིན། དེ་ཡང་

  • རང་སོའི་དངུལ་འབྲེལ་གི་ལཱ།
    • དངུལ་ལྷག་ལུས།
    • རྩིས་ཁྲའི་ཁ་གསལ།
    • འོས་ལྡན་ཚད་གཞི།
  • ཕྱི་དངུལ་བརྗེ་སོར།
    • བརྗེ་སོར་རིན་གོང་།
  • ཡོངས་འབྲེལ་དང་འཕྲིག་ཡིག་ཐོག་གི་དངུལ་འབྲེལ་གྱི་ལཱ།
    • ཐོ་བཀོད་ཀྱི་བྱ་རིམ།
    • འོས་ལྡན་ཚད་གཞི།
  • བསྐྱིན་འགྲུལ་སྔ་གཡར།
    • བསྒྱིན་འགྲུལ་ལྷག་ལུས།
    • བསྐྱིན་འགྲུལ་གྱི་ཁ་གསལ།
    • འོས་ལྡན་ཚད་གཞི།
  • འབྲུག་གི་དངུལ་ཁང་གི་དངུལ་བྱང་།
    • དངུལ་བྱང་བཀག་ནི།
    • དངུལ་བྱང་གི་གནས་སྟངས།
    • སྤྱོད་འཐུས།
    • འོས་ལྡན་ཚད་གཞི།
  • ཚོང་འགྲོན་པའི་འགན་འཛིན་འགོ་དཔོན་གཅིག་ཁར་བློ་སླབ་ནི།

བརྡ་དོན།

 

ཁྱོད་ཀྱིས་ བརྒྱུད་འཕྲིན་གཏང་བའི་སྐབས་ལུ་ འོག་ལུ་འཁོད་དེ་ཡོད་པའི་ བརྡ་དོན་ཚུ་གསུངས་གནང་སྟེ་བཀྲིན་བསྐྱངས་གནང་།

  • ཁྱོད་ཀྱི་མིང་།
  • ཁྱོད་ཀྱི་འབྲེལ་བ་འཐབ་སའི་ཨང་གྲངས།
  • ཁྱོད་ཀྱི་སྟབས་མ་བདེཝ།
  • ཁྱོད་ཀྱིས་སྟབས་མ་བདེཝ་ཚུ་ང་བཅས་ལུ་གསུང་པའི་སྐབས་ལུ་ ཁྱོད་རའི་རྩིས་ཁྲ་ཨང་དང་མཉམ་ དེ་དང་འབྲེལ་བ་ཡོད་པའི་མིའི་མིང་ཚུ་དང་སྦྲགས་ བཅུད་བསྡུས་ཏེ་ཐད་ཀར་དུ་གསུངས་གནང་།
  • གལ་སྲིད་ ཁྱོད་ ང་བཅས་ཀྱི་འབྲེལ་བ་འཐབ་སའི་ཞབས་ཏོག་ལྟེ་བ་ནང་ལུ་ ཐོ་བཀོད་འབད་དེ་ཡོད་མི་ཨིན་པ་ཅིན་ ང་བཅས་ཀྱི་འགན་འཛིན་འགོ་དཔོན་དང་གཅིག་ཁར་ བདེན་སྦྱོར་མཛད་གནང་།

ཁྱོད་ཀྱི་བྱ་སྟབས་མ་བདེཝ་ཡོད་མི་ཚུ་ འདི་འཕྲོ་ལས་བསལ་མ་ཚུགས་པ་ཅིན་ ང་བཅས་ཀྱི་ཚོང་མགྲོན་པའི་འགན་འཛིན་འགོ་དཔོན་ཚུ་གིས་ ཁྱོད་དང་མཉམ་འབྲེལ་བ་འཐབ་འོང་།

སྒེར་དབང་གི་ཞབས་ཏོག་སྤྱོད་ནིའི་དོན་ལུ་ ཁྱོད་རའི་སྦོ་ལོགས་ཡོད་པའི་ འབྲུག་གི་དངུལ་ཁང་གི་ཡན་ལག་ཡིག་ཚང་ནང་ལུ་ ཐོ་བཏོད་མཛད་གནང་།