དངུལ་བཏོན་འཕྲུལ་ཆས། (ཨེ་ཊི་ཨེམ)

དངུལ་སྔོན་སྤྲོད་ཤོག་བྱང་གི་དོན་ལུ་ཐོ་བཀོད་ཀྱི་བྱ་རིམ།
ཐོ་བཀོད་ཀྱི་དོན་ལུ་ནཱ་ཨེབ་གནང་།
དངུལ་སྔོན་སྤྲོད་ཤོག་བྱང་གི་གདམ་ཁ་འདི་གདམ་ཁ་རྐྱབ་ཏེ་ ད་ལྟོ་ཐོ་བཀོད་འབད་ནིའི་ནང་ལུ་ཨེབ་གནང་།
(https://iweb.in.worldline.com/BoBLCWM/prepaid_CustomerRegistration.aspx)
འོག་གི་ཁག་ཆེ་བའི་ཁ་གསལ་ཚུག་བཙུགས་དགོ།
ཀ༽ ཤོག་བྱང་གི་ཨང་།
ཁ༽ ཆ་གནས་རྫོགས་ནིའི་ཚེས་གྲངས།
ག༽ སྐྱེས་ཚེས།་
ང་༽ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་།
ཅ༽ ཐོ་བཀོད་ཡོད་པའི་གློག་འཕྲིན།
ཆ༽ ཐོ་བཀོད་ཡོད་པའི་འགྲུལ་འཕྲིན་ཨང་།
ཤུལ་མམ་གི་དོན་ལུ་ཨེབ་གནང་། ཁྱོད་རའི་ཐོ་བཀོད་ཡོད་པའི་གློག་འཕྲིན་ཐོག་ལས་ ཁྱོད་ཀྱི་ཚར་གཅིག་གི་གསང་ཨང་འདི་བསྐྱལ་གཏང་འོང་།
ཤུལ་མམ་གྱི་ཤོག་གྲངས་ནང་ལུ་ ཁྱོད་རའི་ལག་ལེན་གྱི་ངོ་རྟགས་དང་གསང་ཨང་ དེ་བཞིན་དུ་ ཁྱོད་ཀྱི་གློག་འཕྲིན་ནང་ལུ་ཐོབ་ཡོད་པའི་ ཚར་གཅིག་གི་གསང་ཨང་འདི་ཨེབ་གནང་།
ཁྱོད་ཀྱི་ཐོ་བཀོད་ཀྱི་ཞུ་བ་ཕུལ་ནི་གུར་ཨེབ་ཅིག་ ཁྱོད་ཀྱི་ཞུ་བ་འདི་ མཐར་འཁྱོལ་ཅན་དང་ མཐར་འཁྱོལ་མ་ཚུགས་པའི་སྐོར་ལས་འདི་འཕྲོ་ལས་དྲན་བརྡ་འབད་འོང་། ཁྱོད་རའི་ཐོ་བཀོད་ཡོད་པའི་གློག་འཕྲིན་ནང་ལུ་ཡང་ བདེན་སྤྱོད་འབད་ཡོད་པའི་དྲན་བརྡ་གཏང་འོང་།

གསང་ཨང་གསརཔ་བཟོ་ནི།

  • ངོ་རྟགས་དང་གསང་ཡིག་ཚུ་ལག་ལེན་འཐབ་སྟེ་ ཐོ་བཀོད་འབད་དགོཔ་ཨིན།
  • ཐད་ཀར་དུ་གསང་ཨང་བཟོ་ནི་ནང་ལུ་འགྱོ་དགོ།
  • དགོས་མཁོ་དང་འཁྲིལ་ཁ་གསལ་ཚུ་ག་ར་ཆ་ཚང་སྦེ་བཙུགས་དགོ།
  • གདམ་ཁ་འདི་གདམ་རྐྱབ་ཞིནམ་ལས་ དུས་ཐོག་ཚར་གཅིག་ལག་ལེན་འཐབ་བཏུབ་པའི་གསང་ཡིག་ཐོབ་ནི་དང་ གསང་ཡིག་དེ་ཡང་ ཁྱོད་རའི་གློག་འཕྲིན་ནང་ལུ་གཏང་འོང་།
  • ཚར་གཅིག་གི་གསང་ཡིག་འདི་ཐོཕ།བ་ཞིནམ་ལས་ སི་དྲཱབ་ལུ་གདོང་ཤོག་ནང་བཙུགས་དགོ
  • ཁྱོད་ཀྱིས་ཚར་གཅིག་གི་གསང་ཡིག་འདི་བདེན་སྦྱེར་འབད་བི་རྗེས་སུ་ གདོང་ཤོག་འདི་ནང་ ཁྱོད་རའི་གདམ་ཁ་ཅན་གྱི་ ཨང་གྲངས་བཞི་འབད་མི་ཅིག་ འདི་འཕྲོ་ལས་བཙུགས་དགོ་པའི་གསལ་སྟོན་འབད་འོང་།
  • གསང་ཨང་འདི་ ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ དགོས་མཁོ་ཅན་གྱི་དུས་ཐོག་དུས་མཐུན་ཚུ་བཟོ་དགོཔ་ཨིན། གཏན་འཁེལ་བཟོ་ཡོད་པའི་དྲན་བརྡ་ཚུ་ཡང་ གདོང་ཤོག་འདི་ནང་རང་བྱིན་འོང་།

དྲན་གསོ། ཚར་གཅིག་གསང་ཡིག་འདི་ དུས་ཡུན་སྐར་མ་ ༣༠ ཀྱི་རིང་ལུ་རྐྱངམ་ཅིག་ ཆ་གནས་ཡོདཔ་ཨིན།

ལག་དེབ་ཕབ་ལེན་མཛད་གནང་།