རི་མིཌ་བཱུ་ཊཱན། ཨེཕ་ཨེ་ཀེའུ།

དྲི་བ། རི་མིཌ་བཱུ་ཊཱན་ཟེར་མི་འདི་ག་ཅི་སྨོ?

རི་མིཌ་བཱུ་ཊཱན་ཟེར་མི་འདི་ གནང་བ་ཡོད་པའི་དངུལ་ཁང་ཚུ་ནང་ལས་ ཕྱི་རྒྱལ་ལུ་ གནས་སྡོད་མེན་པའི་འབྲུག་པའི་མི་སེར་ཚུ་གིས་ མི་ངོ་མ་སྦེ་འགྱོ་མ་དགོ་པར་ ཕྱི་དངུལ་གྱི་རྩིས་ཁྲ་གི་དོན་ལུ་ སྟབས་བདེ་ཏོག་ཏོ་སྦེ་ ཞུ་བ་འབད་ནི་ནང་ ཕན་ཐབས་ཀྱི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འགོ་བཙུགས་ཡོད་པའི་ ཐབས་ཤེས་ཅིག་ཨིན། ཞབས་ཏོག་འདི་གི་ཐོག་ལས་ རྒྱལ་ཡོངས་ཀྱི་དངུལ་གསོག་འཇོག་དང་ རྒྱལ་ཁབ་ཀྱི་ཕྱི་དངུལ་གསོག་འཇོག་གོང་འཕེལ་གཏང་ཚུགས་པའི་རེ་བ་སྐྱེདཔ་ཨིན།  

དྲི་བ། རི་མིཌ་བཱུ་ཊཱན་ཐོག་ལས་ རྩིས་ཁྲ་ག་ཅི་བཟུམ་ར་ འགོ་བཙུགས་ཆོག?

གནས་སྡོད་མེན་པའི་འབྲུག་པའི་མེ་སེར་གྱིས་ ཕྱི་དངུལ་གྱི་རྩིས་ཁྲ།

(NRBFC)- གནས་སྡོད་མེན་པའི་འབྲུག་པའི་མེ་སེར་གྱིས་ དངུལ་ཀྲམ་གསོག་འཇོག་དང་ གཏན་འཇགས་ཀྱི་དངུལ་བཙུགས་ནིའི་རྩིས་ཁྲ།

དྲི་བ། རི་མིཌ་བཱུ་ཊཱན་ནང་ལུ་ ཞབས་ཏོག་སྤྲོད་ནིའི་ཐབས་ལམ་ག་ཅི་རང་ཡོདཔ་སྨོ?

གནས་སྡོད་མེན་པའི་འབྲུག་མི་ཚུ་གི་ ཕྱི་དངུལ་གྱི་རྩིས་ཁྲའི་དོན་ལུ་ གློག་རིག་ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ཞབས་ཏོག རྒྱལ་སྤྱིའི་ཟད་རྩིས་ཤོག་བྱང་། གནས་སྡོད་མེན་པའི་འབྲུག་མི་ཚུ་གི་ དངུལ་ཀྲམ་གྱི་རྩིས་ཁྲའི་དོན་ལུ་ གློག་རིག་ཡོངས་འབྲེལ་ཐོག་ལས་དངུལ་འབྲེལ་གྱི་ཞབས་ཏོག  རྒྱལ་སྤྱི་དང་ རྒྱལ་ཁབ་ནང་འཁོད་ཀྱི་ ཟད་རྩིས་ཤོག་བྱང་དང་ ཨེམ་བྷོབ་ཀྱི་ཞབས་ཏོག་ཚུ་འཐོབ་ཚུགས།

དྲི་བ༽ རི་མིཌ་བཱུ་ཊཱན་ནང་ལུ་ རྩིས་ཁྲ་ག་དེ་སྦེ་ཕྱེ་དགོཔ་སྨོ?

  • རི་མིཌ་བཱུ་ཊཱན་གྱི་ཡོངས་འབྲེལ་འཆར་སྒོ་ www.rma.org.bt གློག་རིག་ཡོངས་འབྲེལ་ཐོག་ལས་ ཞུ་ཡིག་བཙུགས་དགོ།
  • རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བདེན་དཔྱད་འབད་དེ་ ང་བཅས་ཀྱི་དངུལ་ཁང་ནང་ལུ་གཏངམ་ཨིན།
  • དངུལ་ཁང་གིས་འབད་ ཁྱོད་ཀྱི་ཕྱི་དངུལ་གྱི་རྩིས་ཁྲ་སྒོ་ཕྱེ་འོང་།

ཁྱོད་རའི་རྩིས་ཁྲའི་ཁ་གསལ་དང་དངུལ་འབྲེལ་གྱི་མཐུན་རྐྱེན་ཐོབ་ཐངས།

  • ཁྱོད་ཀྱི་རྩིས་ཁྲ་འདི་ མཐར་ཕྱིནམ་སྦེ་སྒོ་ཕྱེ་སྟེ་ཡོད་པ་ཅིན་ དངུལ་ཁང་གིས་ གློག་འཕྲིན་གྱི་ཐོག་ལས་ ཁྱོད་ཀྱི་རྩིས་ཁྲའི་ཁ་གསལ་དང་གཅིག་ཁར་ ཁྱོད་དང་འབྲེལ་བ་འཐབ་འོང་།
  • ཁྱོད་ཀྱི་འགྲུལ་འཕྲིན་དང་ གློག་རིག་ཐོག་གི་དངུལ་འབྲེལ་ལཱ་གི་དོན་ལུ་ གདམ་ཁ་གནང་སྟེ་ཡོད་པ་ཅིན་ དེ་བཞིན་དུ་ ཁྱོད་ཀྱིས་ དེ་གི་སྐོར་ལས་ཁ་གསལ་ཡོད་པའི་ གློག་འཕྲིན་གཞན་གཅིག་འཐོབ།
  • རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཁྱོད་ཀྱི་རྒྱལ་སྤྱིའི་དངུལ་ཚབ་ཀྱི་ཤོག་བྱང་དང་ གསང་བའི་ཨང་ཚུ་ སོ་སོ་སྦེ་ར་ འགྲེམས་སྐྱེལ་འབད་འོང་།

དྲི་བ། ཁྱོད་ཀྱིས་རི་མིཌ་བཱུ་ཊཱན་གྱི་རྩིས་ཁྲ་འདི་ ག་དེ་སྦེ་རང་སྤྱོད་ནི་སྨོ?

ཁྱོད་རའི་རྩིས་ཁྲ་གི་ལྷག་ལུས་དང་ དངུལ་སྤྲོད་ལེན་གྱི་ཁ་གསལ་ཚུ་ གློག་རིག་ཡོངས་འབྲེལ་དང་ འགྲུལ་འཕྲིན་གྱི་དངུལ་འབྲེལ་ཞབས་ཏོག་གི་ཐོག་ལས་གཟིགས་ཚུགས།

དྲི་བ། ཕྱི་རྒྱལ་ཁབ་ལས་ ཁྱོད་ཀྱི་རི་མིཌ་བཱུ་ཊཱན་གྱི་རྩིས་ཁྲ་ནང་ དངུལ་ག་དེ་སྦེ་གཏང་ནི་སྨོ?

འོག་ལུ་བཀོད་དེ་ཡོད་པའི་ ཐབས་ལམ་ལག་ལེན་འཐབ་ཐོག་ལས་ ཁྱོད་ཀྱི་རི་མིཌ་བཱུ་ཊཱན་གྱི་རྩིས་ཁྲ་ནང་ལུ་དངུལ་ཚུ་གཏང་ཚུགས།

༡༽ སུ་ཡིཕིཊི་- ང་བཅས་ཀྱི་འབྲེལ་བ་འཐབ་སའི་དངུལ་ཁང་གི་ཐོག་ལས་གཏང་ཚུགས།

ཁ་གསལ་གྱི་དོན་ལུ་ ནཱ་ཨེབ་གནང་།

༢༽ རྒྱལ་སྤྱི་དངུལ་གཏོང་ལེན་གྱི་མཉམ་འབྲེལ་པའི་ཐོག་ལས་གཏང་ཚུགས། ཨཱའི་ཨེམ་ཨི་ (IME) རི་མིཌ་དང་ཨེཀསི་པེརིསི་མཱ་ནི་ (EXPRESS MONEY)

དྲི་བ། རྒྱལ་ཁབ་ནང་ལུ་དངུལ་གཏང་ནིའི་སྤྱོད་འཐུས་ཚུ་ ག་དེ་སྦེ་ར་ཡོདཔ་སྨོ?

ཁྱོད་ཀྱི་རྩིས་ཁྲ་ནང་ལུ་ ཕྱི་རྒྱལ་ཁབ་ནང་ལས་དངུལ་གཏང་བའི་སྐབས་ལུ་ སྤྱོད་འཐུས་ཚུ་ག་ནི་ཡང་ བཀལ་ནི་མེད། ཨིན་རུང་ ཁྱོད་ཀྱིས་དངུལ་གཏང་སའི་དངུལ་ཁང་གིས་ ཁོང་རའི་ལམ་ལུགས་དང་འཁྲིལ་ཏེ་ སྤྱོད་འཐུས་ཚུ་བཀལ་འོང་། ཕྱི་རྒྱལ་ཁབ་ལས་ ཁྱོད་ཀྱི་རྩིས་ཁྲ་ནང་ དངུལ་གཏང་བའི་སྐབས་ལུ་ ང་བཅས་ཀྱིས་འབྲེལ་བ་འཐབ་སའི་དངུལ་ཁང་ནང་ལས་ དངུལ་གཏང་དགོ་པའི་གྲོས་འདེབས་ཕུལཝ་ཨིན། ཁ་གསལ་གྱི་དོན་ལུ་ ནཱ་ཨེབ་གནང་།

དྲི་བ། རི་མིཌ་བཱུ་ཊཱན་གྱི་རྩིས་ཁྲའི་ཐོག་ལས་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ རྩིས་ཁྲ་གཞན་ནང་ལུ་ དངུལ་ཚུ་ག་དེ་སྦེ་གཏང་ནི་སྨོ?

གནས་སྡོད་མེན་པའི་འབྲུག་མི་ ཕྱི་དངུལ་གྱི་རྩིས་ཁྲ་འཆང་མི་ཚུ་གིས་ གློག་རིག་ཡོངས་འབྲེལ་གྱི་དངུལ་འབྲེལ་ཞབས་ཏོག་གི་ཐོག་ལས་ མཐོ་ཤོས་ར་ དངུལ་ཀྲམ་ ༡༠༠,༠༠༠ ཚུན་ཚོད་དང་ དེ་དང་དོ་མཉམ་གྱི་ཕྱི་དངུལ་ཚུ་ སྤྲོད་ལེན་འབད་བཏུབ་པའི་ཁར་ གལ་སྲིད་ དང་འདོད་ཡོད་པ་ཅིན་ དངུལ་ཀྲམ་ ༡༠༠,༠༠༠ ལས་ལྷག་སྟེ་ཡང་ གཏང་ཆོག་ དེ་གི་དོན་ལུ་ ཁྱོད་ཀྱིས་མིང་རྟགས་བཀོད་དེ་ཡོད་པའི་ཡི་གུ་འདི་ [email protected] ལུ་ གློག་འཕྲིན་གཏང་དགོཔ་ཨིན།

གློག་འཕྲིན་ཐོག་ལས་ དངུལ་གཏང་ནིའི་ཞུ་བ་ཐོབ་མི་ཚུ་ཡང་ ང་བཅས་ཀྱིས་ ཕྱི་དངུལ་གྱི་རྩིས་ཁྲ་འཆང་མི་ལས་ ཁྱོད་རའི་འབྲུག་གི་དངུལ་ཀྲམ་གྱི་རྩིས་ཁྲ་ལུ་ དངུལ་གཏང་ནི་རྐྱངམ་ཅིག་ ངོས་ལེན་འབདཝ་ཨིན། དེ་སྦེ་འབད་དགོ་མི་དེ་ཡང་  གཡོ་སྒྱུ་དང་མགུ་སྐོར་ཚུ་ལས་ འཛེམ་ཐབས་ཀྱི་དོན་ལུ་ཨིན། དངུལ་འདི་ ཁྱོད་རའི་འབྲུག་གི་དངུལ་ཀྲམ་གྱི་རྩིས་ཁྲ་ནང་ལུ་འཛུལ་ཞིནམ་ལས་ ཨེམ་བྷོབ་ཀྱི་ཞབས་ཏོག་ཐོག་ལས་ གཞན་དངུལ་སྤྲོད་ལེན་གྱི་ཞབས་ཏོག་ཁ་སྐོང་འདི་འཐོབ་ཚུགས།

གནས་སྡོད་མེན་པའི་འབྲུག་མི་ དངུལ་ཀྲམ་གྱི་རྩིས་ཁྲ་འཆང་མི་ཚུ་གི་དོན་ལུ། For NRBNC account:

གློག་རིག་ཡོངས་འབྲེལ་གྱི་དངུལ་འབྲེལ་ཞབས་ཏོག་གི་ཐོག་ལས་ ཁྱོད་ཀྱི་དངུལ་ཀྲམ་གྱི་རྩིས་ཐོག་ལས་ མཐོ་ཤོས་ར་ དངུལ་ཀྲམ་ ༡༠༠,༠༠༠ ཚུན་ སྤྲོད་ལེན་འབད་བཏུབ། ཚད་མེད་པའི་ དངུལ་སྤྲོད་ལེན་གྱི་ཞབས་ཏོག་དེ་ཡང་ ཁྱོད་ཀྱི་དངུལ་ཀྲམ་གྱི་རྩིས་ནང་ལས་ ཨེམ་བྷོབ་ལག་ལེན་འཐབ་ཐོག་ལས་སྤྱོད་ཚུགས། ཨིན་རུང་ ཁྱོད་ཀྱིས་ ཐོ་བཀོད་འབད་བའི་ནམ་དུས་ལས་རང་ འོག་ལུ་བཀོད་དེ་ཡོད་པའི་ དབྱེ་ཁག་གི་ཚད་ཚུ་ གདམ་ཁ་རྐྱབ་དགོཔ་ད་ གདམ་ཁ་དེ་ཡང་ ཁྱོད་རའི་དགོས་མཁོ་དང་འཁྲིལ་ དུས་ནམ་རང་འབད་རུང་ བསྒྱུར་བཅོས་འབད་ནིའི་གདམ་ཁ་ཡོད།

དབྱེ་ཁག ཚད། དངུལ་ཀྲམ་ཐོག་ལུ་ཟླ་རིམ་ཀྱི་སྤྱོད་འཐུས།
སྤྱིར་བཏང་། ༡≤༡༠༠,༠༠༠ ༡༠
དངུལ། ༡≤༥༠༠,༠༠༠ ༥༠
གསེར། ༡≤ཚད་མེད། ༡༠༠

དྲི་བ། ཕྱི་དངུལ་གྱི་རྩིས་ཁྲ་ཐོག་ལས་ དངུལ་བཏོན་ནིའི་མཐུན་རྐྱེན་ཚུ་ག་ཅི་རང་ཡོདཔ་སྨོ?

ཀ༽  ཕྱི་དངུལ་གྱི་རྩིས་ཁྲ་ནང་ལས་ ཁྱོད་ཀྱིས་དངུལ་ཀྲམ་མ་གཏོགས་ བརྗེ་སོར་འབད་བཏུབ་པའི་ཕྱི་དངུལ་འདི་ བཏོན་མི་ཆོག

ཁ༽  རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཕྱི་དངུལ་བརྗེ་སོར་གྱི་སྒྲིག་གཞི་དང་ བཅའ་ཁྲིམས་དང་འཁྲིལ་ཏེ་ ཁྱོད་ཀྱི་ཕྱི་དངུལ་གྱི་རྩིས་ཁྲ་ནང་ཡོད་པའི་ ཕྱི་དངུལ་ཚུ་ཡང་ ནང་འདྲེན་གྱི་ཆོག་ཐམ་/འཛིན་ཤོག་ཐོག་ལུ་ཡོད་པའི་ ཅ་ཆས་དང་ཞབས་ཏོག་ཚུ་གི་ ཟད་འགྲོའི་དོན་ལུ་དང་ གཞན་ཡང་ ཕྱི་རྒྱལ་ཁབ་ནང་ལུ་ འགྲོ་འགྲུལ་དང་ཤེས་ཡོན་སྦྱང་ནི་   ཚོང་ལཱ་དང་སྨན་བཅོས་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན།

དྲི་བ། གནས་སྡོད་མེན་པའི་འབྲུག་མི་ཚུ་གི་རྩིས་ཁྲ་ནང་ལུ་ ཁེ་འཐུས་ཁ་སྐོང་ག་ཅི་རང་ཡོདཔ་སྨོ?

ཀ༽ རྩིས་ཁྲ་ནང་ལུ་ ལྷག་ལུས་ཉུང་མཐའ་བཞག་དགོཔ་འདི་ ཁག་ཆེ་ཏོག་ཏོ་ཅིག་མེན།

ཁ༽  དངུལ་གཏང་ཡོད་པའི་ དངུལ་ཡོངས་བསྡོམས་ག་ཨིན་མི་འདི་ ག་ར་འཐོབ་ཚུགས།

ག༽ ཕྱི་དངུལ་གྱི་རྩིས་ཁྲ་འདི་ ཁྱོད་རང་རྒྱལ་ཁབ་ནང་ལུ་ལོག་པའི་ཤུལ་ལས་ཡང་ རྩིས་ཁྲ་འདི་འཆང་ཆོག

ང་༽ ཕྱི་དངུལ་གྱི་རྩིས་ཁྲའི་ཐོག་ལས་ཡང་ ཁྱོད་ཀྱིས་སྐྱེད་ཚུ་འཐོབ་ཚུགས། ཁ་གསལ་གྱི་དོན་ལུ་ ནཱ་ཨེབ་གནང་།