ཞབས་ཏོག་གི་དོན་ལུ་བསྐྱིན་འགྲུལ།

འབྲུག་གི་དངུལ་ཁང་གིས་ ཞབས་ཏོག་དང་འབྲེལ་བའི་བཟོ་གྲྭ་ཁང་ དཔེར་ན་ མགྲོན་སྐྱོང་དང་ཐུགས་སྤྲོའི་ལས་སྡེ། ཤེས་རིག བརྡ་དོན་འཕྲུལ་རིག བལྟ་བཤད་དང་དེ་དང་འདྲ་བའི་བཟོ་གྲྭ་ཁང་ཚུ་ལུ་ དུས་ཚོད་ཁར་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དུས་ཡུན་ཡང་རིངམོ་ཡོད་པའི་ དངུལ་འབྲེལ་གྱི་གྲོགས་རམ་འཕུལ་དོ་ཡོདཔ་ཨིན། སྐྱེད་དེ་ཡང་ཁེ་ཏོག་ཏོ་ཡོད་པའི་ བསྐྱིན་འགྲུལ་འདི་ ཧེ་མ་ལས་རང་གཞི་བཙུགས་འབད་དེ་ཡོད་པའི་ བཟོ་གྲྭ་དང་ བཟོ་གྲྭ་གསརཔ་གཞི་བཙུགས་འབད་ནིའི་དང་འདོད་ཡོད་མི་ཚུ་གིས་འཐོབ་ཚུགས།

ཁྱད་ཚད།

མི་ངོམ་དང་ཚོང་ལས་ ཡང་ན་ ཚོང་སྡེ་ག་ར་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

ལས་འགུལ་གྱི་ཡོངས་བསྡོམས་ཟད་འགྲོ་ལས་ བརྒྱ་ཆ་ ༦༥ དང་ ༧༥ གི་བར་ན་འཐོབ།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་མཐོ་ཤོས་རང་ ལོ་ ༡༥ གི་དུས་ཡུན་གྱི་རིང་ལུ་འཐོབ།

ཡིག་ཆ་ཚང་དགོཔ།

  • མ་དངུལ་དགོ་པའི་ཞུ་ཡིག
  • བསྐྱིན་འགྲུལ་ལེན་མི་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • ལས་འགུལ་གྱི་སྙན་ཞུ། (ཚོང་ལཱ་གསརཔ་འགོ་བཙུགས་མི།)
  • མ་འོངས་ལོ་ ༡༠ གྱི་སྔཽན་རྩིས་བཏོན་ཡོད་པའི་ བཱི་/ཨེསི་དང་ པི་དང་ཨེལ་གྱི་རྩིས་ཁྲ།
  • མི་ངོམ་དང་ཚོང་ལས་ཀྱི་དོན་ལུ་ བརྟག་ཞིབ་འབད་ཡོད་པའི་ རང་སོའི་འབབ་ཁུངས་ཀྱི་ཁྲལ།/ཚོང་ལས་འབབ་ཁུངས་ཀྱི་ཁྲལ།
  • ཨར་ཨོ་སི་གིས་གནང་ཡོད་མི་ མཉམ་སྡེབ་འབད་ཡོད་པའི་ངོ་སྦྱོར་ལག་ཁྱེར།
  • རྩིས་ཞིབ་འབད་ཡོད་པའི་ མཐའ་དཔྱད་ཀྱི་དངུལ་འབྲེལ་རྩིས་ཁྲ། -བུ་ལོན་ལེན་མི་ ཡང་ན་ ཁྱད་རིག་ཅན་གྱི་རྩིས་འཛིན་པ་གིས་ ཚུན་མཐུན་སྦེ་ངོ་སྦྱོར་འབད་ཡོད་པའི་ བྱུང་ཟད་རྩིས་ཐོ་དང་ འདས་པའི་ལོ་གཉིས་ཀྱི་ པི་དང་ཨེལ་གྱི་རྩིས་ཁྲ། (གཞི་བཙུགས་འབད་དེ་ཡོད་པའི་ཚོང་ལས་ཀྱི་དོན་ལུ།)
  • འདས་པའི་ཟླ་ངོ་དྲུག་གི་ ཕར་བཙོང་མི་དང་ མཁོ་སྒྲུབ་འབད་ཡོད་པའི་ ལཱ་གི་གྲུབ་འབྲུས་ཀྱི་ཁ་གསལ།
  • བསགས་མཛོད་ནང་ལུ་ཡོད་པའི་བཙོང་ཆས་ཀྱི་གནས་རིམ།
  • འཕྲུལ་ཆས་ ཡང་ན་ བདོག་གཏད་གཞན་མཁོ་སྒྲུབ་འབད་ནི་ཨིན་པའི་འཛིན་ཤོག
  • བུ་ལོན་ལེན་མི་དང་ དངུལ་འབྲེལ་གྱི་ཞབས་ཏོག་ཕུལ་མི་གི་གནས་སྐབས་ཀྱི་ཁ་གསལ།
  • ཆ་གནས་ཡོན་པའི་ཚོང་ལས་ཆོག་ཐམ།
  • ཁྲིམས་མཐུན་གནང་བ།/དགོས་མཁོ་དང་འཁྲིལ་ གཞུང་གི་དབང་འཛིན་དང་ལས་སྡེ་ཁག་ལས་ཉོག་མེད་ཡིག་ཆ།
  • ལས་འགུལ་གསརཔ་གི་དོན་ལུ་ རིས་མོའི་བཟོ་བཀོད།