དུས་རྒྱུན་དངུལ་གསོག་འཇོག་དཀྱུས་མ།

དུས་རྒྱུན་དངུལ་གསོག་འཇོག་དཀྱུས་མ།

དུས་རྒྱུན་དངུལ་གསོག་འཇོག་དཀྱུས་མ་དེ་ཡང་ དུས་རྒྱུན་དངུལ་གསོག་འཛོག་གི་ཐོན་སྐྱེད་ཅིག་ཨིནམ་ལས་ འདི་ནང་ ཟླ་རིམ་བཞིན་དུ་ དངུལ་མཐོ་ཤོས་ག་དེ་ཅིག་བཙུགས་ནི་ཨིན་ནའི་ཚད་མེདཔ་ཨིན།

 

དངུལ་གྱི་ཚད།

༡༽ དུས་རྒྱུན་དངུལ་གསོག་འཇོག་འགོ་བཙུགས་ནིའི་དོན་ལུ་ ཟླ་རིམ་དངུལ་བཙུགས་ཀྱི་ཚད་འདི་ ཉུང་ཤོས་རང་དངུལ་ཀྲམ་ ༡༠༠

༢༽ དུས་རྒྱུན་དངུལ་གསོག་འཇོག་འགོ་བཙུགས་ནིའི་དོན་ལུ་ཟླ་རིམ་བཞིན་དུ་དངུལ་བཙུགས་ཀྱི་ཚད་ མཐོ་ཤོས་དེ་ཅིག་ཨིན་ཟེར་ ཚད་བཟོ་སྟེ་མེདཔ་ཨིན།

 

གནས་ཡུན།

༡༽ ཉུངས་ཤོས་ ལོ་ ༡

༢༽ མཐོ་ཤོས་ ལོ་ ༢༠

 

བསྐྱིན་འགྲུལ་གྱི་མཐུན་རྐྱེན།

དུས་རྒྱུན་དངུལ་གསོག་དཀྱུས་མ་ཐོག་ལུ་ བསྐྱིན་འགྲུལ་ཡང་འཐོབ་ཚུགས།

 

ཉེས་ཆད་སྤྲོད་དགོཔ།

ཟླ་ངོ་རེ་རེ་གི་ དངུལ་བཙུགས་བསྡོམས་ལས་ བརྒྱ་ཆ་ ༡ སྤྲོད་དགོཔ་ཨིན།

 

དུས་ཡུན་མ་ཚངམ་ལས་ དངུལ་བཏོན་ནི།

སྟབས་མཐུན་དུས་རྒྱུན་གྱི་དངུལ་གསོག་འཇོག་འབད་མི་འདི་ གནས་ཡུན་མ་ཚངམ་ལས་ མཚམས་འཇོག་བཞག་སྟེ་ དངུལ་བཏོན་ནིའི་གོ་སྐབས་ཡོདཔ་ཨིན། སྐྱེད་ཐོབ་ལམ་དེ་ཡང་ འོས་འབབ་ཡོད་པའི་སྐྱེད་ཀྱི་ཚད་ལས་ བརྒྱ་ཆ་གཅིག་ལས་ཉུང་སུ་ཅིག་སྦེ་འཐོབ་ནི་ཨིན་རུང་ ཟླ་ངོ  ༣ གྱི་ཧེ་མ་ལས་མཚམས་འཇོག་འབད་བ་ཅིན་ ཚོང་མགྲོན་པ་གིས་་ སྐྱེད་འདི་ཐོབ་ལམ་མེདཔ་ཨིན།

 

ཡིག་ཆ་ཚང་དགོཔ།

ཁྱད་ཚད། ཡིག་ཆ་དགོཔ།
རང་སོ་སྒེར་གྱི་རྩིས་ཁྲའི་དོན་ལུ།
  • ཆ་གནས་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • པར་གཉིས་དགོ
  • གན་རྒྱའི་འགྲེམས་རྟགས།
འབྲུག་པའི་མི་ཁུངས་མ་ཡིན་པའི་མི་ངོམ།
  • ལཱ་གི་ཆོག་ཐམ་གྱི་འདྲ།
  • ལམ་ཡིག་གི་འདྲ།
  • གན་རྒྱའི་འགྲེམས་རྟགས།
  • པར་གཉིས་དགོ།
ཨ་ལོའི་རྩིས་ཁྲའི་དོན་ལུ།
  • ཕམ་ཡང་ན་བདག་འཛིན་པའི་ཆ་གནས་་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བདག་འཛིན་པའི་པར་གཉིས།
  • ཨ་ལོའི་གསོ་བའི་ལག་ཁྱེར།