༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

སྤྱིར་བཏང་མཐོང་སྣང་།

ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ་འདི་ དམིགས་བསལ་གྱི་ དངུལ་འབྲེལ་གྱི་ཞབས་ཏོག་ གཞན་དང་མ་འདྲཝ་བཟོ་དགོས་འདོད་ཡོད་མི་ལུ་བརྟེན་ བཟོ་ཡོདཔ་ཨིན། དངུལ་བྱང་འདི་ ང་བཅས་ཀྱི་འཚོ་བའི་གནས་སྟངས་དང་འཁྲིལ་ བྱ་སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ དམིགས་བསལ་གྱི་འགོ་སྐབས་མང་ཤོས་ཅིག་ སྤྱོད་ནིའི་གོ་སྐབས་ཡང་འཕུལཝ་ཨིན།

ཁྱད་ཚད།

གསོག་འཇོག་དང་རྒྱུན་སྐྱོང་གི་རྩིས་ཁྲ་འཆང་མི་ འབྲུག་གི་ཡན་ལག་ཡིག་ཚང་ཚུ་ནང་ རྩིས་ཁྲ་ཡོད་མི་ཚུ་ འོག་ལུ་བཏོད་དེ་ཡོད་པའི་ ལག་ལེན་གྱི་གདམ་ཁག་ཐོག་ལུ་ ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ་སྤྱོད་ནིའི་ ཁྱད་ཚད་ཚངམ་ཨིན།

  • མི་ངོ་རང་རྐྱང་།
  • ཇོ་བདག་གཉིས་ལས་གང་རུང་གི་སྤྱོད་ནི།
  • ཇོ་བདག་གཅིག་གི་བདག་དབང་།

དྲན་གསོ། མཉམ་འབྲེལ་ཐོག་ལས་ ལག་ཐེའུ་དང་མི་རྟགས་བཀོད་དགོ་པའི་རྩིས་ཁྲ་འཇང་མི་དང་ འབྲུག་གི་མི་ཁུངས་མེན་མི་ཚུ་གིས་ ནང་འཁོད་དངུལ་ཚབ་ཀྱི་་ཤོག་བྱང་སྐྱོད་ཐམ་འདི་སྤཡོད་ཐབས་མེད།

ཁྱད་ཆོས།

  • དངུལ་བཏོན་ནི་དང་ཚོང་ཉོ་ནི།
  • འབྲུག་དངུལ་ཁང་གི་དངུལ་བཏོན་འཕྲུལ་ཆོས་ཚུ་ལས་ དངུལ་མགྱོགས་དྲགས་སྦེ་ཐོབ་ཚུགས།
  • རང་གི་གསང་ཨང་ཚུ་སོར་ནི།
  • དངུལ་གྱི་རྩིས་ཐོ་བལྟ་ནི།
  • དངུལ་བསྐྱལ་གཏང་ནི།
  • ཤོག་བྱང་འདི་ འབྲུག་དང་རྒྱ་གར་ དེ་ལས་ ནེ་པཱེལ་གྱི་རྒྱལ་ཁབ་ཚུ་ནང་རྐྱངམ་ཅིག་གཡོག་བཀོལ་བཏུབ།

དྲན་གསོ། དངུལ་བསྐྱལ་གཏང་ནི་འདི་ འབྲུག་གི་དངུལ་ཁང་གི་རྩིས་ཁྲ་ག་ར་ནང་ལུ་འགྱོ་བཏུབ།

གླ་འཐུས།

ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ།དངུལ་ཀྲམ།
ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ་པར་སྐྲུན་གྱི་འཐུས། (མགྲོན་པ་གསརཔ།)༣༠༠
བསྐྱར་གསོའི་འཐུས།༢༠༠
ཤོག་བྱང་ཚབ་མ་སྤྲོད་ནིའུ་འཐུས།༣༠༠
གསང་ཨང་གསརཔ་བྱིན་ནིའི་འཐུས།༡༠༠

ཤོག་བྱང་།/དངུལ་ལེན་གྱི་ཚད།

ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ།འབྲུག་གི་དངུལ་ཁང་གི་ས་སྒོ།བི་ཨེཕི་ཨེསི་གྱི་མཐུན་འབྲེལ་ཡོད་པའི་ས་སྒོ།རྒྱ་གར་དང་ནེ་པཱལ་ནང་ལུ་ སྐྱོད་ཐམ་གྱི་མཐུན་འབྲེལ་ཡོད་སའི་ས་སྒོ།
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ཉིན་ལྟར་གྱི་ཚད།༤༠,༠༠༠ཚད་མེད།༣༠,༠༠༠ཚད་མེན།༡༠,༠༠༠༡༥,༠༠༠
དངུལ་བཏོན་ནིའི་གྱི་ཚད།༡༥,༠༠༠༥༠༠,༠༠༠བི་ཨེཕི་ཨེསི་ཐོབ་མི་དངུལ་ཁང་།བི་ཨེཕི་ཨེསི་ཐོབ་མི་དངུལ་ཁང་།བི་ཨེཕི་ཨེསི་ཐོབ་མི་དངུབི་ཨེཕི་ཨེསི་ཐོབ་མི་དངུལ་ཁང་།
ཟླ་རིམ་གྱི་ཚད།ཚད་མེད།ཚད་མེད།ཚད་མེད།ཚད་མེད།༡༥,༠༠༠༡༥,༠༠༠
ཉིན་ལྟར་དངུལ་བཏོན་ནིའི་གྱངས་ཁ།༢༠ཚད་མེན།༢༠ཚད་མེན།༢༠ཚད་མེན།

སྤྱོད་འཐུས།

ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ།འབྲུག་གི་དངུལ་ཁང་གི་ས་སྒོ།བི་ཨེཕི་ཨེསི་གྱི་མཐུན་འབྲེལ་ཡོད་པའི་ས་སྒོ།རྒྱ་གར་དང་ནེ་པཱལ་ནང་ལུ་ སྐྱོད་ཐམ་གྱི་མཐུན་འབྲེལ་ཡོད་སའི་ས་སྒོ།
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ཨེ་ཀྲི་ཨེམ།
(དངུལ་ཀྲམ་ནང་)
པི་ཨེསི་ཨོ
(དངུལ་ཀྲམ་ནང་)
ལྷག་ལུས་གཟིགས་ནི།རིན་མེད།རིན་མེད།རིན་མེད།༢༠རིན་མེད།
དངུལ་བཏོན་ནི་དང་ཚོང་ཉོ་ནི།རིན་མེད།རིན་མེད།༡༢རིན་མེད།༡༢༥རིན་མེད།
ཟླ་རིམ་གྱི་ཚད།རིན་མེད།
གསང་ཨང་ཚུ་སོར་ནི།རིན་མེད།

དྲན་གསོ། སྤྱོད་འཐུས་ཚུ་ཡང་ དུས་དང་དུས་སུ་འགྱུར་འགྱོ་འོང་།

གནས་ཚུལ་ཁ་སྐོང་གི་དོན་ལུ་ [email protected] ཐོག་ལུ་གློག་འཕྲིན་གཏང་ནི་དང་ ཡང་ན་ ཡིག་ཚང་གི་དུས་ཚོད་ནང་ལུ་ ཉེ་འདབས་ཀྱི་ཡན་ལག་ཡིག་ཚང་ཚུ་དང་འབྲེལ་བ་མཛད་ནི་དང་ ཡང་ན་ གྲོགས་རམ་གྱི་རྒྱུན་ལམ་ +༩༧༥ ༢ ༣༤༩༩༠༣ ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༠༩༥ (འབྲུག་ནང་འཁོད།) ཐོག་ལས་ དྲོ་པ་ཆུ་ཚོད་ ༨ ལས་ ནུབ་མོ་ ཆུ་ཚོད་ ༡༡ ཀྱི་རིང་ལུ་འབྲེལ་བ་མཛད་གནང་།