༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

གློ་བུར་དུ་དངུལ་དགོཔ་འཐོན་འཔི་སྐབས་ལུ་ ཁྱོད་ལུ་ཡོད་པའི་གསེར་གྱི་རྒྱུ་དངོས་ཐོག་ལས་ ཁྱོད་ཀྱི་ལག་པར་དུས་འཕྲོ་ལས་ མ་དངུལ་འདི་འཐོབ་ཚུགས། དེ་ཡང་ ཁྱོད་རའི་ལག་པར་ཡོད་པའི་གསེར་གྱི་གྱོན་ཆ་དང་གསེར་ཀྲམ་ཚུ་གཏའ་མ་སྦེ་བཙུགས་ཏེ་ བསྐྱིན་འགྲུལ་ལེན་ཞིནམ་ལས་ བསྐྱིན་འགྲུལ་འདི་ལོག་བཏབ་ཚར་ཞིནམ་ལས་ ཁྱོད་རའི་གཏའ་མ་བཙུགས་ཡོད་པའི་ གསེར་གྱི་རྒྱུ་དངོས་ཚུ་ལོག་འཐོབ།

ཁྱད་ཚད།

བསྐྱིན་འགྲུལ་ལོག་བཏབ་ཚུགས་པའི་འོས་འབབ་ཡོད་མི་ འབྲུག་མི་ག་ར་གིས་བསྐྱིན་འགྲུལ་འདི་ཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

གསེར་གྱི་ཡོངས་བསྡོམས་རིན་གོང་ལས་ བརྒྱ་ཆ་ ༦༠ ཐམ་པ་ཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ལོ་ ༢ ཀྱི་རིང་ལུ་ཐོབ།

ཡིག་ཆ་ཚང་དགོཔ།

  • བསྐྱིན་འགྲུལ་ལེན་མི་གིས་ ཚུལ་མཐུནམ་སྦེ་བསྐང་ཡོད་པའི་བསྐྱིན་འགྲུལ་གྱི་འབྲི་ཤོག
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག
  • བསྐྱིན་འགྲུལ་ལེན་མི་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • གལ་སྲིད་བསྐྱིན་འགྲུལ་འདི་ དངུལ་ཕོགས་ཐོག་ལུ་ལེན་པ་ཅིན་ ཚུལ་མཐུན་སྦེ་བསྐང་ཡོད་མི་དངུལ་ཕོགས་ཀྱི་འཛིན་གྱི་ཤོག་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ ཚུ་ཚང་དགོ
  • བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་རྟོགས་ཏེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
  • བསྐྱིན་འགྲུལ་ལོག་བཏབ་ནི་འདི་ ཚོང་གི་འོང་འབབ་ཐོག་ལས་བཏབ་ནི་ཨིན་པ་ཅིན་ ཚོང་ལས་འབབ་ཁུངས་ཀྱི་ཁྲལ་བཏབ་མི་ཡིག་ཆ་ཚུ་བཙུགས་དགོ