༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ཁྱོད་རའི་ཁྱིམ་ཉམས་བཅོས་འབད་ནི་དང་ གཉེན་གྱི་དགའ་སྟོན་ཚུ་རྒྱས་ཤིང་རྒྱསཔ་སྦེ་ བརྩི་སྲུང་ཞུ་ནིའི་རེ་འདོད་བསྐྱེད་དེ་ཡོད་མི་ཚུ་ འགུག་བཞུགས་མ་དགོ་པར་ འབྲུག་གི་དངུལ་ཁང་གི་སྒེར་གྱི་བསྐྱིན་འགྲུལ་གྱི་ཐོག་ལས་ ཁྱོད་རའི་རེ་འདོད་འདི་འགྲུབ་ཚུགས། སྒེར་གྱི་བསྐྱིན་འགྲུལ་འདི་ལེན་ཏེ་ ཁྱོད་རའི་ རེ་འདོད་འགྲུབ་ནིའི་དོན་ལུ་གོམས་པ་མདུན་དུ་སྤོ་ནི་དང་ དངུལ་གྱི་ཀའ་ངལ་ཡོད་ཚུ་སེལ་ཐབས་མཛན་གནང་།

ཁྱད་ཚད།

འགུལ་མེད་ཀྱི་བདོག་གཏད་ཡོད་མི་དང་ འོང་འབབ་ཀྱི་ཐོན་ཁུངས་ཡོད་པའི་ འབྲུག་གི་དངུལ་ཁང་གི་ཚོང་མགྲོན་པ་ཚུ་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

ཉེན་སྲུང་གི་དོན་ལུ་གཏའ་མ་བཙུགས་ཡོད་པའི་ བདོག་གཏད་ཀྱི་རིན་གོང་དང་འཁྲིལ་ བརྒྱ་ཆ་ ༦༠ དང་ མཐོ་ཤོས་དངུལ་ཀྲམ་ ༥༠༠,༠༠༠ གཉིས་ལས་ག་ཉུང་མི་འདི་འཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ལོ་ ཟླ་ངོ་ ༣ ལས་ ལོ་ ༡ གི་དུས་ཡུན་གྱི་རིང་ལུ་འཐོབ།

སྒེར་གྱི་ཡིག་ཆ།

  • བསྐྱིན་འགྲུལ་ལེན་མི་དང་ ཁག་ལེན་མི་གཉིས་ཀྱི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག
  • ཉེན་སྲུང་གི་དོན་ལུ་ དངུལ་ཁང་ནང་བཙུགས་ཡོད་པའི་ གཏའ་མའི་བདག་དབང་ལག་ཁྱེར།
  • རྒྱུ་ནོར་གྱི་རི་གོང་བཟོ་ཡོད་མི།/ཉེན་སྲུང་གི་དོན་ལུ་ དངུལ་ཁང་ནང་བཙུགས་ཡོད་པའི་ གཏའ་མ་བརྟག་ཞིབ་འབད་ཡོད་པའི་ལག་ཁྱེར།
  • གཏའ་མ་སྦེ་བཙུགས་ཡོད་པའི་སྒྲིང་ཁྱིམ་གྱི་ཉེན་བཅོལ་འབད་ཡོད་པའི་ཉེན་བཅོལ་གྱི་སྲིད་བྱུས་ཀྱི་འདྲ།
  • བསྐྱིན་འགྲུལ་འདི་ ཚོང་གི་འོང་འབབ་ཐོག་ལས་བཏབ་ནི་ཨིན་པ་ཅིན་ ཚོང་གི་ཆོག་ཐམ་གྱི་འདར།
  • འགྲེམས་རྟགས་ཐོག་ལུ་ དཔང་པོ་བཙུགས་ཏེ་རྒྱུ་ནོར་གྱི་ཇོ་བདག་གིས་ རྟགས་བཀོད་དེ་ཡོད་པའི་ སྤྱོད་འཐུས་ཕར་འགྱངས་འབད་ཡོད་པའི་ གནང་བའི་ཡི་གུ།
  • བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ འོང་འབབ་ཀྱི་གྲུབ་བྱེད་དགོ དེ་ཡང་ བདེན་དཔྱད་འབད་ཡོད་པའི་ཁང་གླའི་འོང་འབབ་དང་ ཚོང་ལས་འབབ་ཁུངས་ཀྱི་ཁྲལ་ལ་སོགས་པ་ཚུ་དགོ