༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

སྤྱིར་བཏང་མཐོང་སྣང་།

གསོག་འཇོག་གི་རྩིས་ཁྲ་བཟོ་ཞིན་ན་ ཐུས་ཐོག་གི་མ་དངུལ་དུམ་གྲ་རེ་བཙུགས་དགོཁྱོད་རའི་དངུལ་བསགས་མི་འདི་གིས་ ལོ་རེ་ལུ་ དངུལ་སྐྱེད་བརྒྱ་ཆ་ ༥ རེ་ཐོབ། དུས་ཡུན་ཧ་ལམ་ཅིག་གི་རྒྱབ་ལས་ རང་དགོཔ་ད་ དངུལ་ལག་པ་ལྷོད་ནི་ལུ་ བལྟ་སྟེ་སྡོད། མི་ངོ་རང་རྐྱང་ ཁྱིམ་ནང་སྡོད་མི་ཨམ་སྲུ་ ནང་མི་མཟའ་ཚང་ ཚོང་བརྐྱབ་མི་ལ་སོགས་པ་ཚུ་ འོས་འབབ་ཡོད།

ཁྱད་ཚད།

དངུལ་བཙུགས་གསོག་འཇོག་གི་རྩིས་ཁྲ་འདིཿ

  • རང་རྐྱང་ ཡང་ན་ གསོན་གནས་ མི་ངོ་གཞན་དང་ཆ་སྟེ་མཉམ་རུབ་འབད་ཡང་ རྩིས་ཁྲ་བཟོ་བཏུབ།
  • ཨ་ལོ་ཆུང་ཀུ་གི་དོན་ལས་འབད་བ་ཅིན་ རང་གི་ཕམ/ཁྲིམས་མཐུན་ཕམ་གྱི་བདག་དབང་ཐོག་ རྩིས་ཁྲ་འདི་ བཟོ་བཏུབ། ཕམ་གྱིས་རང་གི་ཨ་ལོ་གཞན་མི་ཚུ་དང་མཉམ་རུབ་ཐོག་ལས་ རྩིས་ཁྲ་ཡང་བཟོ་བཏུབ།
  • ཁེབ་སང་མེད་པའི་གཙུག་སྡེ་ མི་སྡེ་ སྡེ་དང་ མཐུན་ཚོགས་ཚུ་གི་མིང་ཐོག་གུ་ སྤྱིར་བཏང་གི་གསོག་འཇོག་རྩིས་ཁྲ་ བཟོ་མི་ཆོག ཨིན་ཏེ་འབད་རུང་ མི་སྡེ་ སྡེ་དང་མཐུན་ཚོགས་ལ་སོགས་པའི་ མིང་ཐོག་གུ་ དམིགས་བསལ་གྱི་ གསོག་འཇོག་གི་གནས་སྟངས་དང་འཁྲིལ་ དངུལ་ཁང་གིས་ཆ་འཇོག་འབདཝ་ཨིན།
  • ཚོང་འབྲེལ་འདུས་ཚོགས་དང་ གཞུང་གི་ལས་ཁུངས་ཚུ་ གསོག་འཇོག་ཐོན་ཁུངས་ཀྱི་འོག་ ལས་བྱེད་ཉེན་སྲུང་གི་བཅོལ་བཞག་དང་ ཕན་བདེའི་རྩིས་ཁྲ་ཚུ་རྐྱངམ་ཅིག་ བཟོ་ཐག་ཆོདཔ་ཨིན།

སྐྱེད་ཀྱི་ཚད།

  • གསོག་འཇོག་རྩིས་ཁྲ་ཚུ་ ད་ལྟོ་གནས་ཡོད་པའི་ དངུལ་སྐྱེད་གོང་ཚད་འདི་འབད་བ་ཅིན་ ལོ་བསྟར་བཞིན་ བརྒྱ་ཆ་ ༥ ཟླ་རིམ་བཞིན་ དངུལ་ཁང་ནང་ལུ་ དངུལ་ལྷག་རྩིས་བརྐྱབ་སྟེ་ཨིན། ཨིན་རུང་ དངུལ་ཀྲམ་ ༥ འི་འོག་རྒྱུ་འབད་བ་ཅིན་ དངུལ་སྐྱེད་མི་ཐོབ།
  • རྩིས་ཁྲ་ལྷག་ལུས་ལུ་ ཚད་གཞི་མེད།
  • དངུལ་བཏོན་གྱངས་ཁ་ལུ་ ཁྱད་པར་མེད་པ་ དངུལ་སྐྱེད་བྱིནམ་ཨིན།

དགོས་མཁོའི་ཡིག་ཆ།

ཁྱད་ཚད།དགོས་མཐོའི་ཡིག་ཆ།
མི་ངོ་རྐྱང་ལུ།མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས།
འདྲ་པར་གཉིས།
ཁྲིམས་མཐུན་འགྲེམས་རྟགས།
འབྲུག་མི་མིན་པའི་མི་ངོ་ཚུ།ལཱ་གཡོག་ཆོག་ཐམ་འདྲ་བཤུས།
ལམ་ཡིག་འདྲ་བཤུས།
ཁྲིམས་མཐུན་འགྲེམས་རྟགས།
འདྲ་པར་གཉིས།
ཨ་ལོ་ཆུང་ཀུའི་དོན་ལས་རྩིས་ཁྲ།ཕམ/བདག་འཛིན་པའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས།ཨ་ལོ་ཆུང་ཀུའི་ གསོ་བའི་ཤོག་བྱང་།
ཕམ/བདག་འཛིན་པའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས།
ཁྲིམས་མཐུན་འགྲེམས་རྟགས།
འབྲུག་དངུལ་ཁང་གི་ཡན་ལག་ཡིག་ཚང་ནང་ལུ་ཡོད་པའི་ བདག་འཛིན་པའི་གསལ་སྟོན་འབྲི་ཤོག་འདི་དགོཔ།
སྡེ་ཕྲན/མཐུན་ཚོགས/ཕན་བདེ་(ཁེབ་ས་མེད་པའི་ལས་སྡེ་རྐྱངམ་ཅིག)ཞུ་ཡིག་ཡི་གུཡིག་ཚང་འཆང་མི་རེ་རེའི་ འདྲ་པར་གཉིས།
ཞལ་འཛོམས་གྱི་གྲོས་ཆོད་ ཡང་ན་ རྒཔོ་ལས་ཡི་གུ་ ཡང་ན་ ལས་ཁྲིམས་ལག་ཁྱེར་གྱི་འདྲ་བཤུས/བཅའ་ཁྲིམས/སྡེ་ཕྲན་གྱི་མཐུན་ཚོགས།
འབྲེལ་ཡོད་ཡིག་ཆ་གི་རྒྱུ་མཚན་དང་འོང་འབབ་ཀྱི་འབྱུང་ཁུངས།ཁྲིམས་མཐུན་འགྲེམས་རྟགས།
བློ་གཏད/ཚོང་ལས་ཀྱི་འདུས་ཚོགས/གཞུང་གི་ལས་ཁུངས་ཚུ་ལུ།འདུས་ཚོགས་ཀྱི་འགོ་འཛིན་ལས་ཡི་གུཞལ་འཛོམས་ཀྱི་གྲོས་ཆོད།
འབྲེལ་ཡོད་འཐུས་མི་ཚུ་གིས་ རྩིས་ཁྲ་བཟོ་ནི་དང་ལག་ལེན་འཐབ་ནིའི་ དབང་ཆ་སྤརོད་པའི་གནང་བ་ཡོད་པའི་ཡི་གུརྩིས་ཁྲ་ལག་ལེན་པའི་འཐུས་མི་ཚུ་གི་འདྲ་པར་གཉིས།
ཁྲིམས་མཐུན་འགྲེམས་རྟགས།

ལག་ལེན་མ་འཐབ་པའི་རྩིས་ཁྲ།

དངུལ་གསོག་འཇོག་གི་རྩིས་ཁྲ་འདི་ ལག་ལེན་མ་འཐབ་པ་ཅིན་ གནས་སྐབས་ཅིག་ལག་ལེན་མ་འཐབ་པའི་རྩིས་ཁྲ་སྦེ་ བརྩིཝ་ཨིན་ དཔེར་ན་ ཟླ་ངོ་ ༦ ཡང་ན་ འདི་ལས་ལྷག་སྟེ་ དངུལ་བཙུགས་ ཡང་ན་ དངུལ་བཏོན་མ་འབད་བ་ཅིན། རྩིས་ཁྲ་འདི་ ལག་ལེན་འཐབ་བཏུབ་ནི་གི་དོན་ལུ་ ལག་ཐོག་གི་དངུལ་བཙུགས་དགོཔ་ཨིན།

དངུལ་གསོག་ལག་དེབ།

ཨང་གནས་ཅན་གྱི་དངུལ་གསོག་ལག་དེབ་ཚུ་ཡོད།

དངུལ་འཛིན་དེབ།

གང་ཟག་ ༣ པ་ལུ་ ཚོང་མགྲོན་པ་ཚུ་གིས་ དངུལ་བཏོན་ནི་ ཡང་ན་ དངུལ་སྤྲོད་འབད་བཏུབ་ནི་གི་དོན་ལས་ དངུལ་ཁང་གིས་དངུལ་འཛིན་དེབ་ཚུ་ ལག་རྟགས་བརྐྱབ་མི་རྩིས་ཁྲ་འཆང་མི་ཚུ་མ་གཏོགས་ ཚོང་མགྲོན་པ་ག་ར་ལུ་ བཀྲམ་སྤེལ་འབདཝ་ཨིན།དངུལ་འཛིན་ཚུ་ ལྡེ་མིག་འོག་ལུ་བཞག་སྟེ་ གལ་སྲིད་ཨར་རྐུན་དང་ བྱང་སྟོར་ཤོར་བ་ཅིན་ དངུལ་ཁང་ལུ་སྙན་ཞུ་འབད་དགོ

དངུལ་འཛིན་དེབ་ཀྱི་འཐུས།

  • ཤུལ་མའི་ཕྱིར་སྤྲོད–དངུལ་འཛིན་དེབ་ཀྱི་གོང་ཚད་ངོ་མ།

*རྩིས་ཁྲ་གསརཔ་གི་དོན་ལས་ འགོ་དང་པ་དང་ ཚར་གཅིག་རྐྱངམ་ཅིག་ དངུལ་འཛིན་དེབ་འདི་ སྟོང་པ་སྦེ་བྱིན་ནི་ཨིན།

ལག་ལེན་འཐབ་མ་བཏུབ་པའི་དངུལ་འཛིན།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་མི་མང་གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ རྩིས་ཁ་ནང་ལུ་ དངུལ་ལངམ་སྦེ་མེད་མི་ལུ་ དངུལ་འཛིན་འདི་བྱིན་པ་ཅིན་ འབྲུག་གི་ཉེས་འགལ་ཁྲིམས་དེབ་ ༢༠༡༡ ཅན་མ་དང་ འབྲུག་གི་དངུལ་དང་རྗེས་སོར་ལག་ཆས་བཅའ་ཁྲིམས་ ༢༠༠༠ ཅན་མ་དང་འཁྲིལ་ ཉེས་ཁྲིམས་ཕོག་པའི་ ཁྲིམས་འགལ་ཉེས་སྤྱོད་ཨིན། སྤྱི་ལོ་ ༢༠༡༧ དབྱིན་ཟླ་ ༢ པའི་ དབྱིན་ཚེས་ ༡ ལས་ དངུལ་ལངམ་སྦེ་མེད་པའི་ མ་དངུལ་ལུ་དངུལ་འཛིན་བྱིན་མི་ལུ་ དངུལ་ཀྲམ་ ༣༠༠ རེ་བཀལཝ་ཨིན།

གནས་ཡུན་གྱི་བཀོད་རྒྱ།

གནས་ཡུན་གྱི་བཀོད་རྒྱ་ཟེར་མི་འདི་ ཚོང་མགྲོན་པ་ཚུ་གིས་ བདུན་ཕྲག་རེ་ བདུན་ཕྲག་གཉིས་འཁོར་རེ་ ཟླ་ངོ་རེ་ ཟྲཝ་ ༣ རེར་ ལོ་ཕྱེད་རེ་ ཡངན་ ལོ་བསྟར་བཞིན་ དངུལ་ཁང་ལུ་ ཁོང་རའི་ངོ་ཚབ་སྦེ་ དངུལ་སྤྲོད་འབད་ནི་ལུ་སླབ་ཨིན། ཨིན་རུང་ བཀོད་རྒྱ་འདི་གྲུབ་ནི་གི་དོན་ལུ་ ཁོང་རའི་རྩིས་ཁྲ་ནང་ལུ་ མ་དངུལ་ལངམ་སྦེ་དགོ གནས་ཡུན་བཀོད་རྒྱ་འདི་གྲུབ་ནི་གི་དོན་ལུ་ འཐུས/ཁ་སྐོང་གི་འཐུས་མི་ལེན། གནས་ཡུན་གྱི་བཀོད་རྒྱ་གྲུབ་ད་ ང་བཅས་ཨ་རྟག་གི་འཐུས་ དཔེར་ན་ དངུལ་ཁང་ཤོག་འཛིན་བརྗེ་སོར་ འགྲེམས་གླ་ ལ་སོགས་ཚུ་འདི་ རྩིས་ཁྲ་ནང་ལས་ གཏོང་དངུལ་ ཡང་ན་ སྤོ་སོར་གྱི་ནང་ལས་ འགབ་འོང་།

རྩིས་ཁྲ་དམ་ནི།

དངུལ་གསོག་འཇོག་པ་ཚུ་གིས་ རང་གི་རྩིས་ཁྲ་དམ་ནི་ཨིན་པ་ཅིན་ ཡིག་ཐོག་ཞུ་ཡིག་དང་སྦྲགས་ དངུལ་ཁང་ལག་དེབ་དང་ དངུལ་འཛིན་ལྷག་ལུས་ཚུ་ དངུལ་ཁང་ལུ་ རྩིས་སྤྲོད་དགོ བརྡ་དོན་ཁ་གསལ་གྱི་དོན་ལས་ ཉེ་འདབས་ཀྱི་ཡན་ལག་ཡིག་ཚང་དང་འབྲེལ་མ་འཐབ།