༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

འཛིན་ཤོག

དངུལ་འཛིན་དང་དངུལ་ཁང་འཛིན་ཤོག་ དེ་ལས་རྩིས་ཐོ་ཚུ་ བསྡུ་ལེན་དང་བདེ་སྒྲིག (མཁོ་སྒྲུབ)

དངུལ་འཛིན་དང་རྩིས་ཐོ་ཚུ་བསྡུ་ལེན་དང་བདེ་སྒྲིག་འབད་ནིའི་ཞབས་ཏོག་འདི་ དངུལ་ཁང་ཧོངས་ལས་ ཚོང་མགྲོན་པ་ཚུ་ལུ་སྤྲོད་ཡོད་པའི་ ཞབས་ཏོག་ཁག་ཆེ་ཤོས་ཅིག་ཨིན། བསྡུ་ལེན་ཟེར་མི་འདི་ ལྟེ་བ་གཞན་ཚུ་/དངུལ་ཁང་ཚུ་ལུ་ སྤྲོད་བཏུབ་པའི་ཁར་ ང་བཅས་ཀྱི་འབྲེལ་ཡིག་ཡོད་པའི་ དངུལ་ཁང་ཚུ་ནང་གཏང་སྟེ་ དངུལ་བཏོན་ནིའི་གནང་བ་ཐོབ་པའི་ཤུལ་ལུ་ ལྟེ་བ་གཞན་ཚུ་དང་དངུལ་ཁང་ཚུ་ནང་ལས་ དངུལ་བཏོན་བཏུབ་ཡོད་པའི་  ཚོང་མགྲོན་པ་ཚུ་གི་ དངུལ་འཛིན་དང་རྩིས་ཐོ་ དེ་ལས་ ཐབས་ལམ་གཞན་ཚུ་ངོས་ལེན་འབད་མི་ཅིག་ལུ་གོ་ནི་ཨིན།

བདེ་སྒྲིག་ (མཁོ་སྒྲུབ།) ཟེར་མི་འདི་ ལྟེ་བ་དང་དངུལ་ཁང་གཞན་ཚུ་ནང་བཟོ་ཡོད་པའི་ བློ་གཏད་ཚུགས་པའི་ཁར་ འབྲེལ་ཡོད་གྱི་ཡིག་ཚང་ནང་ལུ་མ་སྤྲོདཔ་ལས་རང་ དངུལ་ཚབ་དང་དངུལ་ལོར་ཚུ་ འདི་འཕྲོ་ལས་ཐོབ་ཚུགས་པའི་ མི་ངོམ་དང་སྡེ་ཚན་ཚུ་ལས་ དངུལ་འཛིན་དང་དངུལ་འཛིན་རྩིས་ཤོག་ཚུ་མཁོ་སྒྲུབ་འབད་ནི་ཅིག་ལུ་གོ་ནི་ཨིན། 

འཐབ་ལམ།འབྲུག་རྒྱལ་ཁབ་ནང་འཁོད་སྤྲོད་བཏུབའབྲུག་རྒྱལ་ཁབ་ཀྱི་ཕྱི་ཁར་སྤྲོད་བཏུབ
 བསྡུ་ལེན།བདེ་སྒྲིགབསྡུ་ལེནབདེ་སྒྲིག
འཛིན་ཤོག/དངུལ་ཁང་འཛིན་ཤོགདངུལ་ཁང་སྦྱིན་བདག་གི་འཛིན་ཤོག (BC) C.B.
C.B.C.
བལ་པོ་གི་དངུལ་ཁང་འཛིན་ཤོག
O.C.
I.B

 དངུལ་འཛིན་/དངུལ་ཁང་འཛིན་ཤོག་ཚུ་མཁོ་སྒྲུབ།

ཀ༽ རྒྱལ་ཁབ་ནང་འཁོད་ཀྱི་ དངུལ་འཛིན་དང་དངུལ་ཁང་འཛིན་ཤོག་ཚུ་མཁོ་མངག

ཞབས་ཏོག་གི་སྤྱོད་འཐུས། 

མི་མང་དང་གཞུང་གཉིས་ཆ་གི་དོན་ལུ།
མི་མང་དང་གཞུང་གཉིས་ཆ་གི་དོན་ལུ་མཐོ་ཤོས་རང་ དངུལ་ཀྲམ་ ༡༠༠ ཕོག

ཁ༽ ཕྱི་རྒྱལ་ཁབ་ཀྱི་དངུལ་འཛིུན་དང་ ཕྱའི་དངུལ་ཁང་འཛིན་ཤོགས་ཚུ་མཁོ་མངག་འབད་ནི།

ཞབས་ཏོག་གི་སྤྱོད་འཐུས།

མི་མང་དང་གཞུང་གཉིས་ཆ་གི་དོན་ལུ།
མི་མང་དང་གཞུང་གཉིས་ཆ་གི་དོན་ལུ་ རིན་གོང་ཡོངས་བསྡོམས་ལས་ བརྒྱ་ཆ་ ༠.༥ མཐོ་ཤོས་རང་ དངུལ་ཀྲམ་ ༢༠,༠༠༠ ཕོག