༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

འབྲུག་གི་དངུལ་ཁང་གིས་ ཨེམ་བྷོབ་གི་ཐོག་ལས་ དུས་ནམ་རང་འབད་རུང་ ཁྱོད་རའི་སྟབས་བདེ་སྡུག་དང་འཁྲིལ་ཏེ་ ཁྱོད་རའི་རྩིས་ཁྲ་ཚུ་ འཇམ་ཏོང་ཏོ་སྦེ་ལོངས་སྤྱོད་ཚུགས་ནིའིདོན་ལུ་ ཨེམ་བྷོབ་གི་ཞབས་ཏོག་འདི་ འགོ་བཙུགས་ཏེ་ཡོདཔ་ཨིན། ད་རེས་ནངས་པ་འབད་བའི་བསྒང་ལས་ ཨེམ་བྷོབ་འདི་ འགྲུལ་འཕྲིན་མོ་བཱེལ་གྱི་རིགས་དང་འཁྲིལ་ཏེ་ཡོདཔ་ལས་ ཨེམ་བྷོབ་ཡོད་པའི་འགྲུལ་འཕྲིན་གྱི་རིགས་ཚུ་ཡང་ འགྲུལ་འཕྲིན་ལག་ལེན་གྱི་རིམ་ལུགས་དང་བསྟུན་པའི་ དབྱེ་བ་དེ་ཡང་ གཤམ་གསལ་ལྟར་དུ་ཨིན། གཤམ་འཁོད་ནང་ལུ་མེད་པའི་ འགྲུལ་འཕྲིན་གཞན་རྣམས་ཚུ་གིས་ *༢༦༢# ཨེབ་སྟེ་ ཞབས་ཏོག་དེ་ སྤ་ཡོད་ཚུགས་ནི་དང་ དེ་ཡང་ ཡུ་ཨེསི་ཨེསི་དྲི་གི་ཐོག་ལས་ཐོབ་ཚུགས།

ཨེམ་བྷོབ་གི་ཨཱེབ་ཕབ་ལེན་འབད་ནིའི་དོན་ལུ་ ཆ་གནས་ཡོད་པའི་ ས་སྒོ་དེ་ཡང་ ཨའི་ཕཱོན་དང་ཨའི་པེཌ་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ ཨཱེབ་ཨིནསི་ཊཱོལ་དང་ ཨེན་རོཌ་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ པེ་ལེསི་ཨིནསི་ཊཱོལ་ དེ་ལས་ ཝིན་དྲོསི་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ ཝིན་ཌཱོ་ཨིནསི་ཊཱོལ་དང་ བེཨེག་བེ་རི་ལག་ལེན་འཐབ་མི་ཚུ་གི་དོན་ལས་ བེཨེག་བེ་རི་ཝཱལ་ཚུ་ཨིན།

ཕྱི་རྒྱལ་ཁབ་བཞུགས་མི་ཚོང་མགྲོན་པ་ཚུ་གིས་ ཨེམ་བྷོབ་ཀྱི་དོན་ལུ་ ག་དེ་སྦེ་ཐོ་བཀོད་འབད་ནི་ཨིན་ནའི་སྐོར།

ཕྱི་རྒྱལ་ཁབ་ནང་བཞུགས་མི་ ཚོང་མགྲོན་པ་ཚུ་གིས་ ཨེམ་བྷོབ་ཀྱི་ཞབས་ཏོག་གི་དོན་ལུ་ ཐོ་བཀོད་དེ་ཡང་ཤོག་ལེབ་འདི་གི་གཤམ་ལུ་ཡོད་པའི་ འགྲུལ་འཕྲིན་དངུལ་འབྲེལ་ལཱ་གི་འབྲི་ཤོག་བསྐང་སྟེ་ [email protected]ནང་ལུ་ ཐོ་བཀོད་ཡོད་པའི་ གློག་འཕྲིན་ཐོག་ལས་ འབྲི་ཤོག་འདི་བཏང་དགོཔ་ཨིན།

ཐུགས་ལུ་བསྣམས་དགོཔ་དེ་ཡང་ ཁྱོད་རའི་གློག་འཕྲིན་འདི་ ང་བཅས་ཀྱི་གནས་སྡུད་གཞི་མཛོད་ནང་ལུ་ དུས་མཐུན་བཟོ་སྟེ་མེད་པ་ཅིན་ ཚོང་མགྲོན་པ་རང་སོའི་བརྡ་དོན་ཡིག་སྣོད་ནང་ལུ་ རང་སོའི་བརྡ་དོན་ཚུ་ དུས་མཐུན་བཟོ་དགོཔ་ཨིན། རང་སོའི་ བརྡ་དོན་ཚུ་ ཚོང་མགྲོན་པའི་བརྡ་དོན་ཡིག་སྣོད་ནང་ལུ་ དུས་མཐུན་བཟོ་དགོ་པ་ཅིན་ འབྲི་ཤོག་དེ་ཡང་ ཐད་ཀར་འབྲེལ་འཐུད་ནང་ལུ་ “ཁྱོད་རའི་དངུལ་ཁང་” ཟེར་ཡོད་མི་ནང་ལས་ ཕབ་ལེན་འབད་དེ་ ཚུལ་མཐུན་བསྐང་ཡོད་པའི་ ཚོང་མགྲོན་པའི་བརྡ་དོན་ཡིག་སྣོད་ཀྱི་འབྲི་ཤོག་འདི་ [email protected]ནང་ལུ་གཏང་དགོཔ་ད་ འབྲི་ཤོག་འདི་ཐོབ་ཞིནམ་ལས་ ང་བཅས་ཀྱིས་ ང་བཅས་རའི་ལམ་ལུགས་ནང་ལུ་ དུས་མཐུན་བཟོ་ནི་དང་ ཚོང་མགྲོན་པའི་བརྡ་དོན་ཡིག་སྣོད་ནང་ལུ་ དུས་མཐུན་བཟོ་ཞིནམ་ལས་ ཁྱོད་ཀྱི་ཨེམ་བྷོབ་ཀྱི་ཞབས་ཏོག་འདི་ ལཱ་འབད་བཏུབ་སྦེ་བཟོ་ནི་དང་ ལག་ལེན་འཐབ་ནིའི་དོན་ལུ་ ཁྱོད་ཀྱི་ལག་ལེན་ཡིག་ཆ་ཚུ་ ཐོ་བཀོད་ཡོད་པའི་ ཁྱོད་རའི་གློག་འཕྲིན་ནང་ལུ་ ཉིན་གྲངས་ ༢-༣ གྱི་ནང་འཁོད་སྐྱེལ་གཏང་འོང་།

ཨེམ་བྷོབ་ཀྱི་ཁེ་ཕན།

  • ཁྱོད་རའི་འགྲུལ་འཕྲིན་ལག་ལེན་འཐབ་ཐོག་ལས་ ས་གནས་ག་ཏེ་ལས་འབད་རུང་ དུས་ནམ་དགོཔ་ཅིག་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་སྤྱོད་ཚུགས།
  • ཁྱོད་རའི་རྩིས་ཁྲ་དང་ གཞན་གྱི་རྩིས་ཁྲ་ དེ་ལས་ འབྲུག་གི་དངུལ་ཁང་གི་ རྩིས་ཁྲ་ཡོད་རིགས་རྣམས་དང་ དངུལ་ཁང་གཞན་གྱི་རྩིས་ཁྲ་ཚུ་ནང་ དངུལ་སྐྱེལ་ཚུགས།
  • ཁྱོད་རའི་གློག་མེ་ཁྲལ། བརྒྱུད་འཕྲིན་ཁྲལ། བསྐྱིན་འགྲུལ་སྤྲོད་ནི། ཉོ་བཙོང་ཤོག་བྱང་དང་ཆུ་ཁྲལ (ཐིམ་ཕུ་རྐྱངམ་ཅིག་ནང་།) ཚུ་ ཨེམ་བྷོབ་གི་ཐོག་ལས་སྤྲོད་ཚུགས། (འབྲུག་གི་དངུལ་ཁང་གིས་ ཨེམ་བྷབ་ནང་ལུ་ མཁོ་ཆེ་བའི་མཐུན་རྐྱེན་གཞན་ཡང་ ཧེང་སྐལ་བཙུགས་ཏེ་ དུས་དང་བསྟུན་པའི་ཕན་ཐོགས་ཡོད་པའི་ཞབས་ཏོག་ཅིག་སྦེ་བཟོ་འོང་།)
  • འབྲུག་གི་དངུལ་ཁང་གི་ཨེམ་བྷོབ་གྱི་ཞབས་ཏོག་ཡོད་པའི་ཚོང་དཔོན་ཚུ་ལུ་ (ཟ་ཁང་དང་གནས་ཁང་། བཟའ་ཆས། ཚོང་ཁང་། གླ་འཁོར་ཚུ་གི་འཐུས།) དངུལ་སྤྲོད་ནི་ཚུ་ ཁྱོད་རའི་འགྲུལ་འཕྲིན་ཐོག་ལས་སྤྲོད་ཚུགས།
  • ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ཞབས་ཏོག་དང་ ཨེསི་ཨེམ་ཨེསི་གི་དངུལ་འབྲེལ་ཞབས་ཏོག་ དེ་ལས་ བི་ཝ་ལེཊི་ཚུ་ནང་ཡོད་པའི་ཞབས་ཏོག་ཚུ་ཡང་ ག་ར་ ཨེམ་བྷོབ་ནང་ལུ་ཡོདཔ་ཨིན།
  • ཁྱོད་རའི་རྩིས་ཁྲ་གི་རྩིས་ཐོ་ཚུ་ ཉིན་བསྟར་དངུལ་གཏོང་ལེན་གྱི་ཐོ་ཚར་ ༥ ལས་ལྷག་སྟེ་ ལོ་གཉིས་ཀྱི་རིང་ལུ་ ཁྱོད་རའི་ ཐོ་བཀོད་ཡོད་པའི་གློག་འཕྲིན་ཐོག་ལས་ དུས་ནམ་དགོཔ་ཅི་ཐོབ་ཚུགས།
  • ལས་སྡེའི་དངུལ་འབྲེལ་ལས་དོན་ཐོག་ལས་ དངུལ་འབྲེལ་གྱི་ལཱ་ཚུ་ འབྲུག་གི་དངུལ་ཁང་གི་ཡན་ལག་ཡིག་ཚང་དང་ ཨེ་ཀྲི་ཨེམ་གྱི་ཞབས་ཏོག་མེད་སའི་ས་སྒོ་ཚུ་ནང་ཡང་ དངུལ་འབྲེལ་ཞབས་ཏོག་ཚུ་ཐོབ་ཚུགས།

སྤྱོད་འཐུས།

ཐོ་བཀོད་དེ་ ཞབས་ཏོག་ག་ར་གི་དོན་ལུ་ རིན་མེད་སྟོང་པ་ཨིནམ་ལས་ ཞབས་ཏོག་མང་ཤོས་ཅིག་ལུ་ སྤྱོད་འཐུས་སྤྲོད་མ་དགོཔ་ཨིན།

ཉེན་སྲུང་།

ཨེམ་བྷོབ་ཀྱི་ཞབས་ཏོག་འདི་ ཉེན་སྲུང་ཅན་གྱི་ཞབས་ཏོག་ཅིག་ཨིནམ་ད་ དེ་ཡང་ འགྲུལ་འཕྲིན་ནང་ལུ་ གནས་སྡུད་ཚུ་ག་ནི་ཡང་ བསག་བཞག་མ་ཚུགསཔ་མ་ཚད་ དངུལ་སྐྱེལ་གཏང་བའི་སྐབས་ལུ་ གནས་སྡུད་ཚུ་ག་ར་གསང་བ་སྦེ་བཞག་དོ་ཡོདཔ་ཨིན། ཨེམ་བྷོབ་ཀྱི་ནང་ལུ་ ཉེན་སྲུང་གི་དོན་ལུ་ ཉེན་སྲུང་ཅན་གྱི་ ཨེམ་པིན་དང་ ཀྲི་པིན་ དེ་ལས་ ཉེན་སྲུང་དང་འབྲེལ་བའི་དྲི་བ་ཡོདཔ་ཨིན།

  • ཕྱི་དངུལ་བརྗེ་སོར་གྱི་རིན་གོང་བལྟ་ནིའི་ཞབས་ཏོག
  • བསྐྱིན་འགྲུལ་གྱི་སྐྱེད་བལྟ་ནིའི་ཞབས་ཏོག
  • ཟླ་རིམ་བཞིན་དུ་དངུལ་ལོག་བཏབ་ནིའི་ཚད་ བལྟ་ནིའི་བསྐྱིན་འགྲུལ་རྩིས་འཕྲུལ།
  • དུས་རྒྱུན་དྲིས་ཡོད་པའི་དྲི་བ།
  • ང་བཅས་ཀྱི་བརྩི་མཐོང་གི་ཚད།
  • བསམ་འཆར།
  • ཆ་རོགས་ལུ་གྲོས་བསྟུན།
  • འབུལ་བ།
  • འབྲུག་གི་དངུལ་ཁང་གི་སྐོར།
  • ཡན་ལག་ཡིག་ཚང་འཚོལ་/གནས་ས།

དངུལ་འབྲེལ་གྱི་ལས་དོན།

  • རྩིས་ཁྲ།
    • ལྷག་ལུས་བལྟ་ས།
    • རྩིས་ཐོ་ཆུང་བ།
    • རྩིས་ཐོ་རྒྱས་པ།
  • དངུལ་སྐྱེལ་གཏང་ནི།
    • རང་སོའི་རྩིས་ཁྲ་ངོ་མ།
    • འབྲུག་གི་དངུལ་ཁང་གི་རྩིས་ཁྲ་གཞན།
    • གཞན་མི་དངུལ་ཁང་གི་དངུལ་གཏོང་ལེན།
    • འགྲུལ་འཕྲིན་ག་ར།
    • ཞལ་འདེབས།
    • ཁེ་ཕན་འཆང་མིའི་རྩིས་ཁྲ་ཁ་སྐོང་བཀལ་ནི།
    • ཁེ་ཕན་འཆང་མིའི་རྩིས་ཁྲ་བཏོན་གཏང་ནི།
  • དངུལ་སྤྲོད་ནི།
    • རྩིས་ཐོ་སྤྲོད་ནི།
      • ཉོ་བཙོང་ཤོག་བྱང་གི་རྩིས་ཐོ།
      • འབྲུག་བརྒྱུད་འཕྲིན།
        • བརྒྱུད་འཕྲིན་གྱི་རྩིས་ཐོ།
        • དངུལ་ཤུལ་སྤྲོད་ཀྱི་བོརོཌ་བེན་རྩིས་ཐོ།
        • དངུལ་ཤུལ་སྤྲོད་ཀྱི་འགྲུལ་འཕྲིན་རྩིས་ཐོ།
        • གླ་ཁར་བཏང་ཡོད་པའི་རྒྱུན་ལམ་གྱི་རྩིས་ཐོ།
      • མཁོ་ཆེ་བའི་མཐུན་རྐྱེན་གྱི་རྩིས་ཐོ་ཁྲལ་སྤྲོད་ནི།
        • གློག་མེ་ཁྲལ།
        • ཆུ་ཁྲལ།
          • ཐིམ་ཕུག་ཁྲོམ་སྡེ།
      • ཚོང་དཔོན་ཚུ་ལུ་དངུལ་སྤྲོད་ནི།
        • དངུལ་སྤྲོད་ནི་འགོ་བརྩམ་ནི།
        • དངུལ་སྤྲོད་ནི་ཞུ་བའི་གནས་སྟངས།
      • ཁྲལ།
        • སའི་ཁྲལ།
          • ཐིམ་ཕུག་ཁྲོམ་སྡེ།
      • ཟླ་རིམ་བསྐྱིན་འགྲུལ་བཏབ་ནིའི་དོན་ལུ་གཏན་འཁེལ་བཟོ་ཡོད་པའི་ཚད།
        • འབྲུག་གི་དངུལ་ཁང་།
        • རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ།
  • དངུལ་བསྐྱར་གསོ།
    • ཨེ་ཡར་ཀྲཱིམ་དངུལ་ཁ་སྐོང་།
      • འབྲུག་བརྒྱུད་འཕྲིན་དང་བཀྲིས་བརྒྱུད་འཕྲིན།
    • དངུལ་སྔོན་སྤྲོད་ཀྱི་བཱོརཌ་བེན།
      • འབྲུག་བརྒྱུད་འཕྲིན།
  • དངུལ་བཏོན་ནི་དང་བཙུགས་ནི།
    • འབྲུག་གི་དངུལ་ཁང་གི་ངོ་ཚབ།
  • གཞན།
    • དུས་ཐོག་དངུལ་གཏན་འཇགས་སྦེ་སྤྲོད་དགོ་པའི་བཀའ་རྒྱ།
      • དུས་ཐོག་དངུལ་གཏན་འཇགས་སྦེ་སྤྲོད་དགོ་པའི་ཐོ་ཁ་སྐོང་བཙུགས་ནི།
      • དུས་ཐོག་དངུལ་གཏན་འཇགས་སྦེ་སྤྲོད་དགོ་པའི་ཐོ།
      • དུས་ཐོག་དངུལ་གཏན་འཇགས་སྦེ་སྤྲོད་དགོ་པའི་ཐོ་བཏོན་གཏང་ནི།
  • དངུལ་བཏོན་ཤོག་བྱང་མེད་པར་ འབྲུག་གི་དངུལ་ཁང་གི་ཨེ་ཀྲི་ཨེམ་ནང་ལས་དངུལ་བཏོན་ནི།
    • ཞུ་བ།
      • དངུལ་འཛིན་ཀི་དེབ་ཀྱི་ཞུ་བ།
      • དངུལ་འཛིན་མཚམས་འཇོག
      • དངུལ་འཛིན་གྱི་གནས་སྟངས།
      • ཉོ་བཙོང་དངུལ་བྱང་གི་ཞུ་བ།
      • ཤོག་བྱང་བཀག་བཞག་ནི།
  • རང་སོའི་སྐོར་ལས་མདོར་བསྡུས།
    • ཨེམ་པིན་སོར་ནི།
    • ཀྲི་པིན་སོར་ནི།
    • ཉེན་སྲུང་གི་དྲི་བ་བཟོ་ནི།
  • འབྲུག་གི་དངུལ་ཁང་ནང་ལུ་དངུལ་བཙུགས་མིའི་འཐོན་འབྲས་དང་སྐྱེད་ཀྱི་ཚད་བལྟ་ནི།
  • ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་རྩིས་བཏོན་ནི།
  • རྩིས་ཁྲ་ཞིབ་དཔྱད།
  • འདས་པའི་དངུལ་གཏོང་ལེན་གྱི་ཐོ་ལྔའི་ཞིབ་དཔྱད།
  • རྩིས་ཁྲའི་རྩིས་ཐོ་ལེན་ནི།
  • རང་སོའི་རྩིས་དང་གཞན་མི་གི་རྩིས་ཁྲ་ དེ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ དངུལ་ཁང་ནང་དུ་དངུལ་སྐྱེལ་ནི།
  • དངུལ་སྐྱེལ་ནིའི་དོན་ལུ་འཇམ་ཐབས་ཀྱི་དོན་ལས་ ཁེ་ཕན་འཆང་མི་རྩིས་ཁྲ་ཚུ་ཐེབས་བཙུགས་ནི་དང་ བཏོན་གཏང་ནི།
  • རྩིས་ཐོ་གི་དངུལ་སྤྲོད་ནི། (ད་ལྟོ་ ཐད་ཀར་དུ་ དངུལ་མགྱོགས་དྲག་སྦེ་སྤྲོད་ནི་འདི་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ། འབྲུག་གློག་མེ་ལས་འཛིན། འབྲུག་གི་བརྒྱུད་འཕྲིན། ཐིམ་ཕུག་ཁྲོམ་སྡེ་ཚུ་ཨིན།)
  • འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་གྱི་ཨང་གྲངས་ནང་ལུ་ ཨེ་ཡར་ཀྲེམ་གྱི་དངུལ་བཙུགས་ནི།
  • འབྲུག་གི་དངུལ་ཁང་གིས་ ཐོ་བཀོད་ཡོད་པའི་ ཟ་ཁང་དང་གནས་ཁང་ ཚོང་ཁང་དང་གློ་འཁོར་གྱི་འཐུས་ཚུ་ ཁྱོད་རའི་འགྲུལ་འཕྲིན་ཐོག་ལས་སྤྲོད་ནི།
  • དུས་ཐོག་དངུལ་གཏན་འཇགས་སྦེ་སྤྲོད་དགོ་པའི་ཐོ་བཟོ་ནི། ལེགས་བཅོས་འབད་ནི་དང་བཏོན་གཏང་ནི།
  • དངུལ་འཛིན་དཔེ་དེབ་ཀྱི་ཞུ་བ་དང་མཚམས་འཇོག་ དེ་ལས་ དངུལ་འཛིན་དཔེ་དེབ་ཀྱི་གནས་སྟངས།
  • དངུལ་འཛིན་ཀི་དེབ་ཀྱི་ཞུ་བ་དང་མཚམས་འཇོག་ དེ་ལས་ དངུལ་འཛིན་ཀི་དེབ་ཀྱི་གནས་སྟངས།
  • ཉོ་བཙོང་དངུལ་བྱང་གི་ཞུ་བ་ཕུལ་ནི།
  • ཁྱོད་རའི་ཨེམ་བྷོབ་ཀྱི་ཁ་གསལ་ཚུ་ དུས་མཐུན་བཟོ་ནི། དེ་ཡང་ ཁྱོད་རའི་ཨེམ་པིན་དང་ཀྲི་པིན་ དེ་ལས་ ཉེན་སྲུང་གི་དྲི་བ་ཚུ་སོར་ནི་ཚུ་ཨིན།

ཨེམ་བྷོབ་ཀྱི་སྒེར་དབང་སྲིད་བྱུས།

ཨེམ་བྷོབ་ཀྱི་སྒེར་དབང་སྲིད་བྱུས།