ས་སྣུམ་གྱི་ཤོག་བྱང་།

མཐོང་སྣང་།

འབྲུག་གི་དངུལ་ཁང་གི་ས་སྣུམ་གྱི་ཤོག་བྱང་འདི་ གཞུང་གི་ལས་སྡེ། ལས་འཛིན་དང་ཡིག་ཚང་ཚུ་ལུ་ ཡིག་ཚང་གི་སྣུམ་འཁོར་ཚུ་ནང་ ས་སྣ྄མ་བླུགས་སའི་ས་སྒོ་ནང་ལས་ཕར་ ས་སྣུམ་བླུགས་ནི་དོན་ལུབྱིན་དོ་ཡོདཔ་ཨིན།

ཁེ་ཕན།

  • ས་སྣུམ་འཛིན་སྐྱོང་འབད་ནིའི་ནང་ལུ་ སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་ ཕན་གྲོགས་འབད་འོང་།
  • ས་སྣུམ་ཚད་འཛིན་དང་བལྟ་རྟོག་འབད་ནིའི་ནང་ལུ་ཕན་ཐོགས་འབྱུང་འོང་།
  • ཡིག་ཚང་གི་འགོ་དཔོན་ཚུ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ བདག་སྐྱོང་གི་ལཱ་ཚུ་ཉུང་སུ་བཟོ་ནི་ནང་ལུ་ཕན་ཐོགས་ཚུགས།
  • མི་གི་ལཱ་འཛོལ་བ་འབྱུང་ནི་ཚུ་རྩ་མེད་གཏང་ཐབས།
  • བརྡ་དོན་གྱི་རིམ་ལུགས་ཚུ་ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ཐབས།
  • ཏི་རུ་སྔོན་སྤྲོད་ཚུ་བཞག་སྟེ་དངུལ་ལེགས་ཤོམ་སྦེ་རྒྱུན་སྐྱོང་འཐབ་ཐབས།
  • དངུལ་བཀྲམ་སྤེལ་འབད་ནི་ལས་མར་ཕབ་འབད་དེ་ ཏི་རུ་འདྲ་པར་རྐྱབ་ནི་གི་ཟད་འགྲོ་ཚུ་མར་ཕབ་འབད་དེ་ དཔལ་འབྱོར་ལུ་ཕན་གྲོགས་འབད་ཐབས།

ཁྱད་ཆོས།

  • ཡིག་ཚང་གི་རྩིས་གཅིག་ལས་ ཡིག་ཚང་དེ་གི་སྣུམ་འཁོར་ཡོད་རེ་རྣམས་ལུ་ ཤོག་བྱང་འདི་བྱིན་ཚུགས།
  • ལོག་སྤྱོད་འབད་ནི་ལས་བཀག་ཐབས་འབད་ནིའི་དོན་ལུ་ ཤོག་བྱང་འདི་ལས་ དངུལ་བཏོན་ནི་དང་གཞན་ཡང་ཚོང་འབྲེལ་གྱི་དོན་ལུ་ལག་ལེན་འཐབ་ཚུ་ བཀག་ཆ་འབད་དེ་ཡོད།
  • ཤོག་བྱང་འདི་ འབྲུག་ནང་འཁོད་ཀྱི་ས་སྣུམ་བླུགས་སའི་ས་སྒོ་ཚུ་ནང་རྐྱངམ་ཅིག་ལག་ལེན་འཐབ་ཚབཏུབ།
  • ཤོག་བྱང་འདི་ཡིག་ཚང་དང་སྣུམ་འཁོར་གི་ཨང་གུར་སྤྲོདཔ་ཨིན།
  • ཤོག་བྱང་རེ་རེ་བཞིན་དུ་གི་ཚད་ཚུ་ཡང་བཟོ་བཏུབ།
  • ཤོག་བྱང་འདི་ལོ་ ༥ འི་རིང་ལུ་ཆ་གནས་ཡོདཔ་ཨིན།

དགོས་མཁོ།

  • ཡིག་ཚང་མིང་ཐོག་གུར་རྒྱུན་སྐྱོང་གི་རྩིས་ཁྲ་དགོ།
  • རྩིས་ཁྲ་འདི་ནང་དུས་རྒྱུན་དུ་དངུལ་བཙུགས་བཞག་དགོ

འཐུས།

  • ཚར་ཅིག་ཤོག་བྱང་སྤྲོད་བའི་སྐབས་ལུ་ ཤོག་བྱང་རེ་རེ་ལུ་དངུལ་ ༢༥༠།
  • བསྐྱར་གསོ་དང་ཚབ་བཟོ་ནི་གི་འཐུས་དངུལ་ཀྲམ་ ༡༥༠ ཐམ་པ།

ཞུ་ཡིག་བཙུགས་ནིའི་བྱ་རིམ།

  • ས་སྣུམ་གྱི་ཤོག་བྱང་འབྲི་ཤོག་ཕབ་ལེན་འབད་དགོ།
  • ཤོག་བྱང་རེ་རེ་གི་བསྐྱར་གསོ་དང་ཚབ་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ ༡༥༠ ཐམ་པ་སྤྲོད་དགོཔ་ཨིན།