རྒྱལ་སྤྱི་དངུལ་འབྲེལ་ལས་དོན།

རྒྱལ་སྤྱི་དངུལ་འབྲེལ་ལས་དོན།

ཕྱིའི་རྒྱལ་ཁབ་ཀྱི་དངུལ་འདི་ཚུ་འཇམ་ཏོང་ཏོ་དང་སྟབས་བདེ་ཏོག་ཏོ་སྦེ་སོར་ཚུགས་ནིའི་དོན་ལུ་དང་འགྲན་བསྡུར་ཅན་གྱི་དངུལ་བརྗེ་སོར་གྱི་རིན་གོང་གི་ཞབས་ཏོག་སྤྱོད་ནི་དང་གཞན་ཡང་ཕྱི་རྒྱལ་ཁབ་ནང་འབྱོན་པའི་སྐབས་ལུ་བྱ་སྟབས་མ་བདེཝ་ག་ནི་ཡང་མེད་པར་དངུལ་བརྗེ་སོར་དང་རྒྱལ་ཕྱི་ཁ་དང་རྒྱལ་ཁབ་ནང་ན་ལུ་དངུལ་གཏོང་ལེན་འབད་ནིའི་དོན་ལུ་ཕྱི་དངུལ་སྤྲོད་ལེན་གྱི་ཞབས་ཏོག་གི་གོ་སྐབས་ལེན་གནང་། འབྲུག་གི་དངུལ་ཁང་འདི་ ཕྱི་དངུལ་བརྗེ་སོར་གྱི་དོན་ལུ་ གནང་བ་ཡོད་པའི་ཚོང་འབྲེལ་པ་ཅིག་འབདཝ་ལས་ང་བཅས་ཀྱི་རྒྱལ་ཁབ་ནང་ལུ་དངུལ་བརྗེ་སོར་འབད་ཆོག་པའི་གནང་བ་ཡོད་པའི་དངུལ་ཚུ་ཡང་གཤམ་འཁོད་ལྟར་དུ་ཨིན།

  • ཡུ་ཨེསི་དྲོ་ལར།
  • པ་འུནཌ་སི་ཊར་ལིང་།
  • ཡུ་རོ།
  • ཇ་པཱན་གྱི་དངུལ་ཡེན།
  • སུ་ཡིསི་ཕེརེངཀ།
  • ཧོང་ཀོང་གི་ཌོ་ལར།
  • ཀེ་ཎེ་ཌ་གི་ཌོ་ལར།
  • ཨཱསི་ཊེ་ལི་ཡ་གི་ཌོ་ལར།
  • ཌེ་ནིཤི་གི་ཀོརོ་ནར།
  • སིང་ག་པཱོར་གྱི་ཌོ་ལར།

ཕྱི་དངུལ་བརྗེ་སོར་གྱི་ཞབས་ཏོག

ང་བཅས་ཀྱིས་ ཕྱི་དངུལ་བརྗེ་སོར་གྱི་ཞབས་ཏོག་གཞན་ཡང་ ལེ་ཤ་ཅིག་རང་འཕུལ་དོ་ཡོདཔ་ཨིན། དེ་ཡང་

  • གནང་བ་ཡོད་པའི་ཕྱི་དངུལ་ཚུ་ བཏོན་ནི་དང་བཙོང་ནི།
  • འགྲོ་འགྲུལ་པ་ཚུ་ལུ་ ཕྱི་དངུལ་བཏོན་ནིའི་དངུལ་འཛིན།
  • ཕྱི་དངུལ་གྱི་དངུལ་ཁང་འཛིན་ཤོག་ བྱིན་ནི་དང་དངུལ་སྤྲོད་ནི་ དེ་ལས་ སུཕི་ཝ་ཡར་ཐོག་ལས་ གློག་ཐག་དང་འཕྲུལ་ཆས་ལག་ལེན་ཐོག་ལས་ དངུལ་གཏང་ནི།
  • ཕྱི་དངུལ་མཁོ་མངག་དང་བདེ་སྒྲིག་/ཕྱི་དངུལ་གྱི་དངུལ་གྱི་རྩིས་ཤོག་དང་ དངུལ་འཛིན་ཚུ་བསྡུ་ལེན་འབད་ནི།
  • ཕྱི་དངུལ་ནང་འདྲེན་འབད་ནིའི་ དོན་ལས་ དངུལ་ཚབ་གྱི་ཡི་གུ་ཚུ་གི་ཡིག་ཆ་ཚུ་གཞི་བཙུགས།
  • ཡུ་ཨེསི་ཌོ་ལར་དང་ཡ་རོ་ དེ་ལས་ གནང་བ་ཡོད་པའི་ ཕྱི་དངུལ་ཚུ་གི་རྩིས་ཁྲ་ཚུ་རྒྱུན་སྐྱོང་འབད་ནི།
  • དངུལ་ཚབ་ཡི་གུའི་ཐོག་ལས་ ཕྱིའི་དངུལ་ཕྱིར་བཙོང་གི་ཡིག་ཆ་མཁོ་སྒྲུབ་/བདེ་སྒྲིག/བསྡུ་ལེན།
  • སཱུཕི་ཝ་ཡར་ཀྲནསི་ཕར་དང་ ཨེཀ་པེརིསི་ལ་སོགས་པ་ཚུ་གི་ཐོག་ལས་ རྒྱལ་ཁབ་ནང་ལུ་དངུལ་གཏང་ནི།

གནས་ཚུལ་ཁ་གསལ་གྱི་དོན་ལུ་ དངུལ་ཁང་གི་ ཉེ་འདབས་ཀྱི་ཡན་ལག་ཡིག་དང་ འབྲེལ་བ་མཛད་གནང་།