ཤེས་ཡོན་གྱི་བསྐྱིན་འགྲུལ།

དང་འདོད་ཅན་གྱི་འབྲུག་པའི་སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་མཐོ་རིམ་ཤེས་ཡོན་སྦྱང་འདོད་ཡོད་མི་ཚུ་གིས་ རང་གི་མི་ཚེ་གི་རེ་བ་དང་རེ་འདོད་ཚུ་གྲུབ་སྟེ་ མི་ཚེ་དོན་སྨིན་ཅན་སྦེ་བཟོ་ཐབས་ཀྱི་དོན་ལུ་ འབྲུག་གི་དངུལ་ཁང་གི་ཤེས་ཡོན་གྱི་བསྐྱིན་འགྲུལ་འདི་ལེན་གནང་།

ཁྱད་ཚད།

  • སྒེར་གྱི་སློབ་གྲྭ་ཁག་དང་/རྒྱལ་ཁབ་ནང་འཁོད་དང་ རྒྱ་གར་རྒྱལ་ཁབ་ དེ་ལས་ གཞན་ཕྱི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་ཚུ་གི་སློབ་ཕྲུག
  • རང་གིས་ཟད་འགྲོ་གཏང་སྟེ་ཤེས་ཡོན་སྦྱང་མི་མི་ངོམ་གང་རུང་།
  • ཕམ།/ཨ་ལོ་བདག་འཛིན་པ། (ཐོབ་ཐངས་འཁྲིལ་ ཕམ་གྱི་ཉོག་མེད་ཡི་གུ)

བསྐྱིན་འགྲུལ་གྱི་ཚད།

ཐོན་སྐྱེད། ཚད།
གཏའ་མ་དང་གཅིག་ཁར། ངོས་ལེན་འདབ་ཡོད་པའི་ གཏའ་མ་ (ས་ ཡང་ན་ ས་དང་ཁྱིམ།) འདི་གི་རིན་གོང་ལས་ བརྒྱ་ཆ་ ༦༠% ཐོབ་ནི་ཨིན་རུང་ རྒྱ་གར་རྒྱལ་ཁབ་དང་དེ་ལས་ གཞན་ཕྱི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གི་དོན་ལུ་ མཐོ་ཤོས་རང་ དངུལ་ཀྲུམ་ ༣,༠༠༠,༠༠༠ དང་ འབྲུག་རྒྱལ་ཁབ་ནང་འཁོད་བལྟ་མི་སློབ་ཕྲུག་ཚུ་གི་དོན་ལུ་འབད་བ་ཅིན་ མཐོ་ཤོས་རང་ དངུལ་ཀྲམ་ ༦༠༠༠,༠༠༠ ཐོབ།
དངུལ་ཕོག་གི་ཐོག་ཁར། དངུལ་ཕོགས་ངེས་ཏིག་སྦེ་ལག་པར་ཐོབ་མི་ལས་ ཚར་ ༢༠ ཡར་སེང་རྐྱབ་སྟེ་འཐོབ་ནི་དང་ མཐོ་ཤོས་རང་ དངུལ་ཀྲམ་ ༦༠༠,༠༠༠ དེ་ ཡོངས་འབུར་དངུལ་ཕོགས་ལས་ ངེས་ཏིག་ཐོབ་མི་དངུལ་ཕོགས་ལས་ བརྒྱ་ཆ་ ༣༠ ལས་མ་ཉུངམ་ཅིག་ཐོབ། (གྲོས་འབུལ་ཕུལ་ཡོད་པའི་བསྐྱིན་འགྲུལ་རྩིས་ཏེ།)

སྐྱེད།

བསྐྱིན་འགྲུལ་གྱི་ལོ་ཚད།

མཐོ་ཤོས་རང་ལོ་ ༧ ཀྱི་རིང་ལུ་ཐོབ།

ཡིག་ཆ་དགོཔ།

  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ ཤེས་ཡོན་བསྐཡིན་འགྲུལ་གྱི་ཞུ་ཡིག་འབྲི་ཤོག
  • པར་གཅིག
  • བསྐྱིན་འགྲུལ་ཞུ་མི་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • ཨ་ལོ་སྐྱེས་ལོ་ ༡༥ ལས་ཡན་ཆད་ཨིན་པ་ཅིན་ ཨ་ལོའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • གཙུག་ལག་སློབ་སྟེ།/མཐོ་རིམ་སློབ་གྲྭ་གི་ གནས་སྐབས་ཀྱི་འཛུལ་ཞུགས་ཀྱི་ཡི་གུ་ ཡང་ན་ ཤེས་ཡོན་འཛུལ་ཞུགས་ཡི་གུ་གསརཔ།
  • སློབ་ཕྲུག་གི་ཡར་རྒྱས་གོང་འཕེལ་གྱི་སྙན་ཞུ་གསརཔ།
  • མཐོ་རིམ་སློབ་གྲྭ་གི་འཐུས་ཀྱི་ཁ་གསལ།

གཏའ་མ་བཙུགས་ཏེ་བསྐྱིན་འགྲུལ་ལེན་མི་གི་ཐད་ཁར་ འོག་ལུ་བཀོད་དེ་ཡོད་པའི་ཡིག་ཆ་ཚུ་ཚང་དགོཔ་ཨིན།

  • ཉེན་སྲུང་གི་དོན་ལུ་ དངུལ་ཁང་ནང་ལུ་བཙུགས་ཡོད་པའི་ གཏའ་མ་གི་བདག་དབང་ལག་ཁྱེར།
  • རྒྱུ་ནོར་གྱི་རིན་གོང་།/བརྟག་ཞིབ་འབད་ཡོད་པའི་ལག་ཁྱེར།/འབྲུག་གི་དངུལ་ཁང་གི་བཟོ་རིག་པ་གིས་འགོ་འདྲེན་འཐབ་ཡོད་པའི་རི་མོའི་བཟོ་བཀོད།
  • གཏའ་མ་འདི་སྒྲིང་ཁྱིམ་ཨིན་པ་ཅིན་ ཉེན་བཅོལ་གྱི་འཐུས་སྤྲོད་ཡོད་པའི་ཡིག་ཆ་གི་འདྲ།
  • འགྲེམས་རྟགས་ཐོག་ལུ་ དཔང་པོ་བཙུགས་ཏེ་རྒྱུ་ནོར་གྱི་ཇོ་བདག་གིས་ རྟགས་བཀོད་དེ་ཡོད་པའི་ སྤྱོད་འཐུས་ཕར་འགྱངས་འབད་ཡོད་པའི་ གནང་བའི་ཡི་གུ།(འབྲེལ་བ་ཡོད་པ་ཅིན)
  • གནང་བའི་ཡི་གུ (འབྲེལ་བ་ཡོད་པ་ཅིན)
  • བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ འོང་འབབ་ཀྱི་གྲུབ་བྱེད་ཀྱི་དོན་ལུ་ ཁྱིམ་གྱི་ཁང་གླ་གི་ཁ་གསལ་ཚུ་ ཁང་གླ་ཁར་སྡོད་མི་དང་ཁྱིམ་གྱི་སྦྱིན་བདག་གཉིས་ཆ་རའི་ རྟགས་བཀོད་དེ་ཡོད་མི།/ཚོང་ལས་འབབ་ཁུང་གི་ཁྲལ/རང་སོའི་འོང་འབབ་ཁྲལ།/འབྲེལ་ཡོད་ཀྱི་ལས་ཁུངས་ཀྱིས་ ཚུལ་མཐུན་ཐོག་ལས་ངོ་སྦྱོར་འབད་ཡོད་པའི་ དངུལ་ཕོགས་ཀྱི་འཛིན་ཤོག
  • བསྐྱིན་འགྲུལ་ལེན་མི་འདི་གིས་ ཁྱིམ་གྱི་ཁང་གླ་ལས་ཐོབ་ཡོད་པའི་མ་དངུལ་ཚུ་ བསྐྱིན་འགྲུལ་ལོག་བཏབ་ནི་ནང་ལུ་ ལག་ལེན་འཐབ་ནི་ཨིན་པའི་ཡི་གུ (འོས་འབབ་དང་འཁྲིལ།)

བསྐྱིན་འགྲུལ་ལོག་བཏབ་ནི་འདི་ དངུལ་ཕོགས་ཐོག་ལས་ལོག་བཏབ་ནི་ཨིན་པ་ཅིན་ འོག་ལུ་བཀོད་དེ་ཡོད་འཔི་ཡིག་ཆ་ཚུ་ཚང་དགོ།

  • ཁག་ལེན་མི་(སྡེ་རིམ་དོ་མཉམ་ཅིག་དང་ དེ་ལས་མཐོ་མི་གཅིག་ཡིག་ཚང་གཅིག་ནང་ལཱ་འབད་མི་ཅིག་དགོ)གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་འདི་གིས་ ཁོ/མོ་རའི་ཡིག་ཚང་/གཡོག་སྤྲོད་མི་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་དངུལ་ཕོགས་འདི་ནང་ལས་ རྟོགས་ཆོག་པའི་གནང་བའི་ཡི་གུ།
  • བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་རྟོགས་ཏེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་ ཚུལ་མཐུན་སྦེ་བསྐང་ཡོད་མི་དངུལ་ཕོགས་ཀྱི་འཛིན་གྱི་ཤོག་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ དེ་ལས་ གྲོས་འཆར་བཀོད་དེ་ཡོད་མི་ཚུ་དགོ
  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥