སྒྲིང་ཁྱིམ་གྱི་བསྐྱིན་འགྲུལ།

འབྲུག་གི་དངུལ་ཁང་གི་སྒྲིང་ཁྱིམ་གྱི་བསྐྱིན་འགྲུལ་གྱི་ཐོག་ལས་ ཁྱོད་ཀྱིས་རེ་འདོད་བསྐྱེད་དེ་ཡོད་པའི་སྒྲིང་ཁྱིམ་འདི་ ངོ་མ་སྦེ་གྲུབ་ཚུགས། བསྐྱིན་འགྲུལ་འདི་ནང་ མ་དངུལ་མཐོ་ཤོས་ཅིག་དང་ བསྐྱིན་འགྲུལ་ལོག་བཏབ་ནིའི་དུས་ཡུན་དེ་ཡང་ རིངམོ་ཐོབ་ཚུགས་པའི་ཁར་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་ཚད་དེ་ཡང་ ག་ནི་བ་འཇམ་ཏོང་ཏོ་དང་སྟབས་བདེ་ཏོག་ཏོ་སྦེ་ཡོདཔ་ཨིན། དེ་འབདཝ་ལས་་ཁྱོད་རའི་ རེ་བ་བསྐྱེད་དེ་ཡོད་པའི་སྒྲིང་ཁྱིམ་འདི་ མ་དངུལ་གི་དཀའ་ངལ་ག་ནི་མེད་པར་འགྲུབ་གནང་།

ཁྱད་ཚད།

འོང་འབབ་ཡོད་པའི་ འབྲུག་གི་མི་སེར་ག་ར་གིས་བསྐྱིན་འགྲུལ་འདི་ཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

འབྲུག་གི་དངུལ་ཁང་གི་བཟོ་རིག་པ་ཚུ་གིས་ སྔོན་རྩིས་བཏོན་ཡོད་པའི་ སྒྲིང་ཁྱིམ་གྱི་འགྲོ་སོང་ཡོངས་བསྡོམས་ལས་ ཁྱིམ་གསར་རྐྱབ་ནི་དང་ མཁོ་སྒྲུབ་ཀྱི་དོན་གྱི་ བརྒྱ་ཆ་ ༦༠ དང་ ཁྱིམ་ཉམས་གསོའི་དོན་ལུ་ བརྒྱ་ཆ་ ༥༠ ཐམ་པ་ཐོབ།

Interest Rate

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ ལོ་ ༢༠ གི་རིང་ལུ་ཐོབ།

ཡིག་ཆ་ཚང་དགོཔ།

  • བསྐྱིན་འགྲུལ་འདི་ ཀྲི་པི་ཇི་ཐོག་ལས་ལེན་པ་ཅིན་ བསྐྱིན་འགྲུལ་ལེན་མི་དང་བར་ན་ ཁག་ལེན་མི་གཉིས་ཆ་ར་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་རེ་དགོ
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ།
  • སྒྲིང་ཁྱིམ་རྐྱབ་སའི་ས་གི་ལག་ཁྲམ་ངོ་མ་དང་ དངུལ་ཁང་ལུ་ཉེན་སྲུང་གི་དོན་ལུ་བཙུགས་ཡོད་པའི་ བདོག་གཏད་གྱི་ངོ་སྦྱོར་ལག་ཁྱེར་ཚུ་དགོ
  • ཧེ་མ་ལས་རྐྱབ་ཡོད་པའི་སྒྲིང་ཁྱིམ་དང་ཁང་མིག་ཚུ་ཉོ་ནི་ཨིན་པ་ཅིན་ ཉོ་བཙོང་གི་གན་ཡིག
  • དངུལ་ཁང་གི་བཟོ་རིག་འགོ་དཔོན་གྱིས་ ཁྱིམ་རྐྱབ་ནི་ ཡང་ན་ ཉམས་གསོའི་སྔོན་རྩིས་བཏོན་ཡོད་པའི་ཡིག་ཆ།
  • རྒྱུ་ནོར་གྱི་རིན་གོང་།/བརྟག་ཞིབ/ཉེན་སྲུང་གི་དོན་ལུ་བཙུགས་ཡོད་པའི་ གཏའ་མ་གི་སྔོན་རྩིས་བཏོན་ཡོད་པའི་ལག་ཁྱེར།
  • བསྐྱིན་འགྲུལ་ལོག་བཏབ་ནི་འདི་ བསྐྱིན་འགྲུལ་ལེན་མི་གི་ དངུལ་ཕོགས་ནང་ལས་བཏབ་ནི་ཨིན་པ་ཅིན་ དངུལ་ཕོག་གི་འཛིན་ཤོག་གསརཔ་འདི་དགོ
  • བསྐྱིན་འགྲུལ་ལོག་བཏབ་ནི་འདི་ བསྐྱིན་འགྲུལ་ལེན་མི་གི་ དངུལ་ཕོགས་ནང་ལས་བཏབ་ནི་ཨིན་པ་ཅིན་ མི་ངོམ་འདི་ལུ་ ལཱ་གཡོག་བྱིན་མི་ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་ འགན་ལེན་ཡི་གུ་དགོ
  • སྒྲིང་ཁྱིམ་གྱི་རི་མོ་བཀོད་ཡོད་པའི་བཟོ་བཀོད་དང་ བཟོ་བསྐྲུན་བཀོད་ཚོགས་ལས་ གནང་བའི་ཡི་གུ
  • སྒྲིང་ཁྱིམ་འདི་རྐྱབ་ཚར་བའི་ཤུལ་ལས་ དངུལ་ཁང་གི་ལམ་ལུགས་ལྟར་དུ་ ཉེན་སྲུང་གི་ཐབས་ལུ་ དུས་མཐུན་བཟོ་ཡོད་པའི་ ཉེན་བཅོལ་སྲིད་བྱུས་ཀྱི་འདྲ།
  • གལ་སྲིད་ རྒྱུ་ནོར་འདི་དངུལ་ཁང་ནང་ལུ་ཉེན་སྲུང་གི་དོན་ལུ་བཙུགས་ཏེ་ཡོད་པ་ཅིན་ འགྲེམས་རྟགས་ཐོག་ལུ་ དཔང་པོ་བཙུགས་ཏེ་རྒྱུ་ནོར་གྱི་ཇོ་བདག་གིས་ རྟགས་བཀོད་དེ་ཡོད་པའི་ སྤྱོད་འཐུས་ཕར་འགྱངས་འབད་ཡོད་པའི་ གནང་བའི་ཡི་གུ།
  • ཉེན་སྲུང་ཁ་སྐོང་གི་དོན་ལུ་ བཙུགས་ཡོད་པའི་ས་དང་ཁྱིམ་ དེ་ལས་ བདོག་གཏད་ཚུ་གི་ གཏའ་མ་བཙུགས་ཡོད་པའི་གན་ཡིག་
  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥