རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་།

འབྲུག་གི་དངུལ་ཁང་གི་དངུལ་ཚབ་ཤོག་བྱང་ནང་ལུ་ཐོ་བཀོད་འབད་དེ་ འཛམ་གླིང་བསྐོར་བའི་ཤོར་ཁར་ རྒྱལ་སྤྱི་ནང་འཁོད་ཀྱི་ཁེ་ཕན་སྤྱོད་གནང་། རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་ཡོད་པ་ཅིན་ དངུལ་རྐྱང་སྦེ་འབག་མ་དགོ་པར་ དངུལ་སྤྲོད་ཚུགསཔ་ལས་ ག་ནི་བ་སྟབས་བདེ་བའི་ཐབས་ལམ་ཐོག་ལས་ ལམ་འགྲུལ་མཛད་ཚུགས།

ཁྱད་ཚད།

གསོག་འཇོག་དང་རྒྱུན་སྐྱོང་གི་རྩིས་ཁྲ་འཆང་མི་ འབྲུག་གི་དངུལ་ཁང་དང་ཕྱི་དངུལ་གྱི་རྩིས་ཁྲ་འཆང་མི་ཚུ་གིས་ འོག་ལུ་བཀོད་དེ་ཡོད་པའི་ ལག་ལེན་གྱི་གདམ་ཁག་ཐོག་ལུ་ རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ་སྤྱོད་ནིའི་ ཁྱད་ཚད་ཚངམ་ཨིན།

    • མི་ངོ་རང་རྐྱང་།
    • ཇོ་བདག་གཉིས་ལས་གང་རུང་གི་སྤྱོད་ནི།
    • ཇོ་བདག་གཅིག་གི་བདག་དབང་།

དྲན་གསོ། : མཉམ་འབྲེལ་ཐོག་ལས་ ལག་ཐེའུ་དང་མི་རྟགས་བཀོད་དགོ་པའི་རྩིས་ཁྲ་འཆང་མི་ཚུ་གིས་ རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ་འདི་སྤྱོད་ཐབས་མེད།

ཁྱད་ཆོས།

  • ཤོག་བྱང་འདི་ འབྲུག་དང་རྒྱ་གར་ དེ་ལས་ ནེ་པཱེལ་གྱི་རྒྱལ་ཁབ་ཚུ་ནང་རྐྱངམ་ཅིག་གཡོག་བཀོལ་བཏུབ།
  • དངུལ་བཏོན་འཕྲུལ་ཆས་ནང་ལུ་སྐྱོད་ཐམ་གྱི་ཡོངས་འབྲེལ་ནང་འཐུད་དེཡོད་པ་ཅིན་ དངུལ་བཏོན་ནི་དང་དངུལ་ལྷག་ལུས་གཟིགས་ནི་ཚུ་འབད་ཚུགས།
  • པི་ཨོ་ཨེསི་འདི་ ཡོངས་འབྲེལ་ནང་འཐུད་དེ་ཡོད་པ་ཅིན་ པི་ཨོ་ཨེསི་གི་ས་སྒོ་འདི་ ཅ་ལཱ་དང་ཞབས་ཏོག་གི་རིགས་ག་ཅི་རང་འབད་རུང་ ཉོ་སྟེ་སྤྱོད་ཚུགས།
  • དངུལ་དང་ཡིག་ཆ་ཚུ་ འདྲ་པར་རྐྱབ་ནིའི་དོན་ལུ་ པར་བཏབ་འཕྲུལ་ཆས་ཚུ་ག་ནི་ཡང་མ་དགོ་པར་ ཞབས་ཏོག་ཚུ་འཇམ་ཏོང་ཏོ་སྦེ་སྤྱོད་ཚུགས།
  • དངུལ་གྱི་ཤོགས་བྱང་འཆང་མི་འདི་གིས་ ཤོག་བྱང་འདི་ ཁོ/མོ་གི་རྩིས་ཁྲ་ནང་ལུ་ ཤོག་བྱང་རེ་རེ་ནང་ལུ་ ལོ་རེའི་འགྲུལ་སྐྱོད་མ་དངུལ་གྱི་ཚད་ ཡུ་ཨེསི་ཌོ་ལར་ ༡༠༠༠ ལས་ལྷག་སྟེ་ཡོད་པ་ཅིན་རྐྱངམ་ཅིག་ལག་ལེན་འཐབ་ཆོག
  • དངུལ་བྱང་ལག་ལེན་འཐབ་ཐོག་ལས་སྤྲོད་ཡོད་པའི་དངུལ་ཚུ་ཡང་ ཤོག་བྱང་འཆང་མི་ མི་ངོམ་འདི་གི་རྩིས་ཁྲ་ནང་ལས་ བཏོག་ནི་དང་ ཡང་ན་ དངུལ་སྤྲོད་པའི་དུས་ལུ་ དངུལ་བྱང་དང་འབྲེལ་འཐུད་འབད་ཡོད་པའི་རྩིས་ཁྲ་ལས་ དངུལ་བཏོག་འོང།

དྲན་གསོ། དངུལ་བྱང་གི་དོན་ལུ་ ལོ་བསྟར་འགྲོ་སྐྱོད་ཀྱི་མ་དངུལ་ (ཨེ་ཨེསི་ཀྲི་) འདི་སྤྱོད་དགོ་པ་ཅིན་ ཆ་གནས་ཡོད་པའི་ ལག་ཡིག་གི་འདྲ་དང་ ཕྱི་རྒྱལ་འགྱོ་ནིའི་དོན་ལུ་ གཏན་འཁེལ་བཟོ་ཡོད་པའི་ གནམ་གྲུ་གི་ཤོག་འཛིན་ཚུ་བཏོན་དགོ།

འཐུས།

རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ། དངུལ་ཀྲམ།
དངུལ་ཚབ་ཤོག་བྱང་གི་སྐྱོད་ཐམ་གསརཔ་སྤྲོད་ནི། ༣༠༠
དངུལ་བྱང་ཚབ་སྤྲོད་ནི། ༣༠༠
གསང་ཨང་ཐོ་བཀོད་འདབ་ནི། ༡༠༠
དུས་ཚོད་ཁར་བསྐྱར་གསོ་འབད་ནི། ༢༠༠

དངུལ་བྱང་།/དངུལ་སྤྲོད་ལེན་གྱི་ཚད།

རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ། སྐྱོད་ཐམ་གྱི་ཡོངས་འབྲེལ་ཡོད་པའི་ས་སྒོ།
དངུལ་བཏོན་འཕྲུལ་ཆས། (ཡུ་ཨེསི་ཌོ་ལར) པི་ཨེསི་ཨོ། (ཡུ་ཨེསི་ཌོ་ལར)
ཉིན་ལྟར་གྱི་ཚད། དངུལ་བྱང་གྱི་ཌོ་ལར་གྱི་ཚད་དང་འཁྲིལ། དངུལ་བྱང་གྱི་ཌོ་ལར་གྱི་ཚད་དང་འཁྲིལ།
ཟླ་རིམ་གྱི་ཚད། དངུལ་བྱང་གྱི་ཌོ་ལར་གྱི་ཚད་དང་འཁྲིལ། དངུལ་བྱང་གྱི་ཌོ་ལར་གྱི་ཚད་དང་འཁྲིལ།
ཉིན་ལྟར་དངུལ་བཏོན་ནིའི་ཚད། ཚད་མེད། ཚད་མེད།

ལོ་བསྟར་འགྲོ་འགྲུལ་གྱི་མ་དངུལ་དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ཁྲིམས་ལུགས་དང་ འབྲུག་གི་དངུལ་ཁང་གི་རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ་ཐོག་ལས་ མི་ངོམ་རེ་རེ་བཞིན་དུ་ལུ་ སྤྱོད་ནིའི་རང་དབང་ཡོད།

སྤྱོད་འཐུས།

རྒྱལ་སྤྱི་དངུལ་ཚབ་ཤོག་བྱང་སྐྱོད་ཐམ། སྐྱོད་ཐམ་གྱི་ཡོངས་འབྲེལ་ཡོད་པའི་ས་སྒོ།
དངུལ་བཏོན་འཕྲུལ་ཆས། (དངུལ་ཀྲམ།) པི་ཨེསི་ཨོ། (དངུལ་ཀྲམ།)
ལྷག་ལུས་གཟིགས་ནི། ༢༠ རིན་མེད་སྟོང་པ།
དངུལ་བཏོན་/ཉོ་ནི། ༡༢༥ རིན་མེད་སྟོང་པ།

གནས་ཚུལ་ཁ་སྐོང་གི་དོན་ལུ་ [email protected] ཐོག་ལུ་གློག་འཕྲིན་གཏང་ནི་དང་ ཡང་ན་ ཡིག་ཚང་གི་དུས་ཚོད་ནང་ལུ་ ཉེ་འདབས་ཀྱི་ཡན་ལག་ཡིག་ཚང་ཚུ་དང་འབྲེལ་བ་མཛད་ནི་དང་ ཡང་ན་ གྲོགས་རམ་གྱི་རྒྱུན་ལམ་ +༩༧༥ ༢ ༣༤༩༩༠༣ ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༠༩༥ (འབྲུག་ནང་འཁོད།) ཐོག་ལས་ དྲོ་པ་ཆུ་ཚོད་ ༨ ལས་ ནུབ་མོ་ ཆུ་ཚོད་ ༡༡ ཀྱི་རིང་ལུ་འབྲེལ་བ་མཛད་གནང་།