བདག་དབང་ཅན་གྱི་དངུལ་ཚབ་ཤོག་བྱང་།

བདག་དངབང་ཅན་གྱི་དངུལ་ཚབ་ཤོག་བྱང་ཐོག་ལས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ དུས་ནམ་དགོཔ་ཅིག་ཐོབ་ཆོག་ཆོག་ཡོདཔ་མ་ཚད་ དངུལ་ཚུ་ཡང་བཏོན་ནི་དང་ ཚོང་འགྱུར་འཐབ་ཚུགས། བདག་དབང་ཅན་གྱི་དངུལ་བཏོན་འཕྲུལ་ཆས་ཀྱི་ཁེ་ཕན་དེ་ཡང་ ནམ་རང་འབད་རུང་ཁྱོད་དངུལ་མེདཔ་སྦེ་འགྱོ་ཐབས་ རྩ་ལས་མེད།

ཁྱད་ཚད།

གསོག་འཇོག་དང་རྒྱུན་སྐྱོང་གི་རྩིས་ཁྲ་འཆང་མི་ འབྲུག་གི་ཡན་ལག་ཡིག་ཚང་ཚུ་ནང་ རྩིས་ཁྲ་ཡོད་མི་ཚུ་ འོག་ལུ་འཁོད་དེ་ཡོད་པའི་ ལག་ལེན་གྱི་གདམ་ཁག་ཐོག་ལུ་ ནང་འཁོད་དངུལ་ཚབ་ཀྱི་ཤོག་བྱང་སྐྱོད་ཐམ་སྤྱོད་ནིའི་ ཁྱད་ཚད་ཚངམ་ཨིན།

  • མི་ངོ་རང་རྐྱང་།
  • ཇོ་བདག་གཉིས་ལས་གང་རུང་གི་སྤྱོད་ནི།
  • ཇོ་བདག་གཅིག་གི་བདག་དབང་།
  • དྲན་གསོ། : མཉམ་འབྲེལ་ཐོག་ལས་ ལག་ཐེའུ་དང་མི་རྟགས་བཀོད་དགོ་པའི་རྩིས་ཁྲ་འཆང་མི་དང་ འབྲུག་གི་མི་ཁུངས་མེན་མི་ཚུ་གིས་ བདག་དབང་ཅན་གྱི་དངུལ་ཚབ་ཤོག་བྱང་སྤྱོད་ཐབས་མེད།

ཁྱད་ཆོས།

  • ལྷག་ལུས་གཟིགས་ནི།
  • དངུལ་བཏོན་ནི།/ཉོ་བཙོང་རྐྱབ་ནི།
  • དངུལ་མགྱོགས་དྲགས་སྦེ་འཐོབ་ནི།
  • གསང་ཨང་སོར་ནི།
  • རྩིས་ཐོ་བཏོན་ནི།
  • དངུལ་བསྐྱལ་ནི།
  • དངུལ་བྱང་འདི་འབྲུག་ནང་འཁོད་རྐྱངམ་ཅིག་སྤྱོད་བཏུབ་ཨིན།

འཐུས།

བདག་དབང་ཅན་གྱི་དངུལ་ཚབ་ཤོག་བྱང་། དངུལ་ཀྲམ།
ཚར་གཅིག་གི་འཐུས། རིན་མེད་སྟོང་པ།
སྒེ་དབང་གི་ཤོག་བྱང་འཐུས། ༡༠༠
ཤོག་བྱང་ཚབ་མའི་འཐུས། ༡༠༠
གསང་ཨང་ཐོ་བཀོད་ཀྱི་འཐུས། ༡༠༠
དུས་ཚོད་ཁར་བསྐྱར་གསོའི་འཐུས། ༡༠༠

དངུལ་བྱང་།/དངུལ་སྤྲོད་ལེན་གྱི་ཚད།

བདག་དབང་ཅན་གྱི་དངུལ་ཚབ་ཤོག་བྱང་། འབྲུག་གི་དངུལ་ཁང་གི་ས་སྒོ། བི་ཨེཕི་ཨེསི་གི་ས་སྒོ།
དངུལ་བཏོན་འཕྲུལ་ཆས། (དངུལ་ཀྲམ) པི་ཨེསི་ཨོ། (དངུལ་ཀྲམ) དངུལ་བཏོན་འཕྲུལ་ཆས། (དངུལ་ཀྲམ) པི་ཨེསི་ཨོ། (དངུལ་ཀྲམ)
ཉིན་ལྟར་གྱི་ཚད།   ༤༠,༠༠༠ ཚད་མེད།   ཚད་མེད། ཚད་མེད།
ཟླ་རིམ་གྱི་ཚད།   ཚད་མེད། ཚད་མེད།   ཚད་མེད། ཚད་མེད།
ཉིན་གཅིག་གི་དངུལ་བཏོན་གྱངས་ཁ་དང་འཁྲིལ།   ༢༠ ཚད་མེད།   ༢༠ ཚད་མེད།
དངུལ་བཏོན་ནིའི་ཚད།   ༡༥,༠༠༠ ༥༠༠,༠༠༠   བི་ཨེཕི་ཨེསི་གི་ཞབས་ཏོག་ཐོབ་མི་དངུལ་ཁང་། བི་ཨེཕི་ཨེསི་གི་ཞབས་ཏོག་ཐོབ་མི་དངུལ་ཁང་།

སྤྱོད་འཐུས།

བདག་དབང་ཅན་གྱི་དངུལ་ཚབ་ཤོག་བྱང་། འབྲུག་གི་དངུལ་ཁང་གི་ས་སྒོ། བི་ཨེཕི་ཨེསི་གི་ས་སྒོ།
དངུལ་བཏོན་འཕྲུལ་ཆས། (དངུལ་ཀྲམ) པི་ཨེསི་ཨོ། (དངུལ་ཀྲམ) དངུལ་བཏོན་འཕྲུལ་ཆས། (དངུལ་ཀྲམ) པི་ཨེསི་ཨོ། (དངུལ་ཀྲམ)
ལྷག་ལུས་གཟིགས་ནི།   རིན་མེད་སྟོང་པ། རིན་མེད་སྟོང་པ།   རིན་མེད་སྟོང་པ།
དངུལ་བཏོན།/ཉོ་བཙོང་།   རིན་མེད་སྟོང་པ། རིན་མེད་སྟོང་པ།   ཚད་མེད། རིན་མེད་སྟོང་པ།
རྩིས་ཐོ་བཏོན་ནི།/བལྟ་ནི།   རིན་མེད་སྟོང་པ།  
གསང་ཨང་སོར་ནི།   རིན་མེད་སྟོང་པ།  

གནས་ཚུལ་ཁ་སྐོང་གི་དོན་ལུ་ [email protected] ཐོག་ལུ་གློག་འཕྲིན་གཏང་ནི་དང་ ཡང་ན་ ཡིག་ཚང་གི་དུས་ཚོད་ནང་ལུ་ ཉེ་འདབས་ཀྱི་ཡན་ལག་ཡིག་ཚང་ཚུ་དང་འབྲེལ་བ་མཛད་ནི་དང་ ཡང་ན་ གྲོགས་རམ་གྱི་རྒྱུན་ལམ་ +༩༧༥ ༢ ༣༤༩༩༠༣ ཡང་ན་ སྤྱོད་ཁྲལ་དགོངས་ཡངས་ཨང་ ༡༠༩༥ (འབྲུག་ནང་འཁོད།) ཐོག་ལས་ དྲོ་པ་ཆུ་ཚོད་ ༨ ལས་ ནུབ་མོ་ ཆུ་ཚོད་ ༡༡ ཀྱི་རིང་ལུ་འབྲེལ་བ་མཛད་གནང་།