བགོའི་བསྐྱིན་འགྲུལ།

ང་བཅས་རའི་མི་འདི་ནང་ ནམ་ཤི་ནུབ་ཤི་ངེས་པ་མེདཔ་བཞིན་དུ་ ང་བཅས་ལུ་ཏི་རུ་དགོཔ་པའི་དུས་ཚོད་དེ་ཡང་ ག་སྟེ་ལུ་འབོར་ཆེ་ཏོག་ཏོ་སྦེ་གཏང་དགོ་པའི་དུས་ཚོད་འདི་ནམ་ཤར་འོང་ག་ ངེས་པ་རྩ་ལས་མེདཔ་ལས་ དེ་བཟུམ་མའི་ བགོ་བཤའ་འཆང་ཡོད་པའི་གཏའ་མ་བཙུགས་ཏེ་ འཐོབ་ནི་འོས་འབབ་ཡོད་པའི་བསྐྱིན་འགྲུལ་འདི་ཐོབ་ཐབས་ལུ་ བགོ་བཤའ་འཆང་ནིའི་ནང་ལུ་མ་རྩ་བཙུགས་ནི་ནང་ལུ་བརྩོན་གནང་། བགོ་བཤའི་བསྐྱིན་འགྲུལ་འདི་ དབང་ཆ་རྒྱུན་མངག་འབད་ནི་དང་ བགོ་བཤའ་གསརཔ་གི་དོན་ལུ་ཡང་ལག་ལེན་འཐབ་བཏུབ།

ཁྱད་ཚད།

མི་ངོམ་ག་ར་འབད་རུང་ བགོ་བཤའ་ཚུ་ཉོ་ཚུགས་པའི་ དགོས་མཁོ་དང་ལྡན་པའི་འོང་འབབ་ཡོད་མི་ཚུ་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

བགོ་བཤའ་ཉོ་ནིའི་དོན་ལུ་ བསྐྱིན་འགྲུལ་གི་ཚད་དེ་ཡང་  ཁྲོམ་གྱི་རིན་གོང་ཡང་ན་ རིན་གོང་བཟོ་ཡོད་མི་ལས་ བརྒྱ་ཆ་ ༥༠ ལྷག་སྟེ་མ་འཐོབ་མ་ཚད་ བསྐཡིན་འགྲུལ་ལེན་པའི་དུས་ཚོད་ཁར་ རིན་གོང་གཉིས་ལས་ག་ཉུང་མི་འདི་གུར་གཞི་བཞག་སྟེ་འཐོབ་ནི་ཨིན། ཐུགས་ཁར་བསྣམས་དགོཔ་དེ་ཡང་ ཁྲོམ་གྱི་རིན་གོང་འདི་ འདས་པའི་ལོ་གསུམ་ནང་ལུ་ཚོང་འབྲེལ་འཐབ་ཡོད་པའི་རིན་གོང་ལས་ ག་ཉུང་མི་གུར་གཞི་བཞག་སྟེ་བཟོ་དོ་ཡོདཔ་ལས་ འདས་པའི་ལོ་གསུམ་གྱི་རིང་གོ་ཚུ་ཡང་ ཨར་ཨེསི་ཨི་བི་ཨེལ་ནང་ལས་འཐོབ་ཚུགས།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་གནས་ཡུན།

བསྐྱིན་འགྲུལ་འདི་ ལོ་ ༦ གི་དུས་ཡུན་གྱི་རིང་ལུ་འཐོབ།

ཡིག་ཆ་ཚང་དགོཔ།

  • བསྐྱིན་འགྲུལ་ལེན་མི་དང་ ཁག་ལེན་མི་གཉིས་ཀྱི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག་དགོ།
  • བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ འོང་འབབ་ཀྱི་གྲུབ་བྱེད། བདེ་དཔྱད་འབད་ཡོད་པའི་ ཁང་གླའི་འོང་འབབ་ཀྱི་འཛིན་ཤོགརང་སོའི་འོང་འབབ་ཀྱི་ཁྲལ།/ཚོང་ལས་འོང་འབབ་ཀྱི་ཁྲལ་གྱི་འབྱོར་རྟགས་ལ་སོགས་པ་ཚུ་དགོ
  • ཨར་ཨེསི་ཨི་བི་ལས་གཏན་འཁེལ་བཟོ་ཡོད་པའི་ཚོང་འབྲེལ་ངོ་སྦྱོར་ལག་ཁྱེར།
 
  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥