གཙོ་རིམ་ཅན་གྱི་ལས་སྡེ་ཚུ་ལུ་བསྐྱིན་འགྲུལ།

གཙོ་རིམ་ཅན་གྱི་ལས་སྡེ་ཚུ་ལུ་བསྐྱིན་འགྲུལ་བྱིན་ནིའ་ལམ་ལུགས་དེ་ཡང་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་ཚུ་ངོས་འཛིན་འབད་དེ་ གོང་འཕེལ་གཏང་ནིའི་བསྐྱིན་འགྲུལ་གྱི་ཐབས་ལམ་ཅིག་ཨིན། བསྐྱིན་འགྲུལ་དེ་གིས་གཞུང་གི་ཧོངས་ལས་ མཉམ་འབྲེལ་དང་འཇོན་ཐངས་ཅན་གྱི་ དངུལ་འབྲེལ་གྲོགས་རམ་དང་འཐུས་ཚུ་ སྤྲོད་ནི་ནང་ལུ་ཕན་ཐོགས་ཚུགས། གཙོ་བོ་རིམ་ཅན་གྱི་ལས་སྡེ་ཚུ་གི་བསྐྱིན་འགྲུལ་དེ་ཡང་ ཉེན་བཅོལ་དང་གྲོས་འཆར་བཙུགས་ཡོན་པའི་ལས་འགུལ་གྱི་བདོག་གཏད་ཐོག་ལུ་ གཞི་བཞག་སྟེ་བྱིན་དོ་ཡོདཔ་ཨིན། 

ཁྱད་ཚད།

  • མི་སེར་སོ་ནམ་པ།
  • ན་གཞོན་ལཱ་གཡོག་མེད་མི།
  • མི་སེར་སོ་ནམ་པ་དང་ ན་གཞོན་ལཱ་གཡོག་མེད་མི་ཚུ་གིས་ གཙོ་རིམ་ཅན་གྱི་བསྐྱིན་འགྲུལ་གྱི་དོན་ལུ་ མི་ངོམ་རང་རྐྱང་། སྡེ་ཚན་ཡང་ན་ མཉམ་ལས་ཚོགས་སྡེ་དང་ ལས་སྡེ་ཚུ་བཟོ་སྟེ་ ཞུ་བ་འབད་ཆོག
  • བསྐྱིན་འགྲུལ་ལེན་མི་འདི་ འབྲུག་པའི་ཁུངས་ངོ་སྤྲོད་ལག་ཁྱེར་འཆང་མི་ འབྲུག་མི་ཅིག་འོང་དགོ
  • སྡེ་ཚན་ཡང་ན་ མཉམ་ལས་ཚོགས་སྡེ་ཐོག་ལས་ བསྐྱིན་འགྲུལ་ལེན་པ་ཅིན་ སྡེ་ཚན་འདི་ནང་ མི་གྲངས་ཉུང་ཤོས་རང་ ༣ འོང་དགོ་པའི་ཁར་ ཁྱིམ་གུང་རེ་རེ་ལས་ མི་རེ་རེ་རྐྱངམ་ཅིག་གིས་ གྲལ་ཁར་གཏོགས་ཆོག
  • མི་ངོ་དང་སྡེ་ཚན་ ཡང་ན་མཉམ་ལས་ཚོགས་སྡེ་ག་རང་འབད་རུང་ སོ་ནམ་གྱི་ལཱ་དང་འབྲེལ་བིའ་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་དང་འབྲེལ་བའི་ དངུལ་འབྲེལ་རྒྱབ་སྐྱོར་དགོ་པ་ཅིན་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་གཅིག་གར་ཐོ་བཀོད་འབད་དགོ
  • བསྐྱིན་འགྲུལ་ལེན་མི་ མི་འདི་སེམས་བརྟན་ཏོག་ཏོ་ཡོད་མི་ཅིག་དགོ
  • བསྐྱིན་འགྲུལ་ལེན་མི་འདི་བློ་གཏད་ཚུགས་པའི་མི་ངོམ་ཅིག་ཨིན་པའི་གུར་ སི་ཨེའི་བི་ (CIB) ནང་ལུ་ བྱ་སྟབས་མ་བདེཝ་ ག་ནི་ཡང་མེད་མི་ཅིག་དགོ
  • ཚོང་གི་ལས་སྣ་དེ་ཡང་ གཙོ་རིམ་ཅན་གྱི་བསྐྱིན་འགྲུལ་གྱི་ལས་སྟོན་ནང་ཡོད་པའི་ གཞི་བཀོད་ཐོག་ལུ་འོང་དགོཔ་ཨིན། (ཐིག་ཁྲམ་ ༢ ལས་སྣ་དང་ཐོན་སྐྱེན། ཤོག་གྲངས་ ༤-༥ ནང་གཟིགས་གནང་།)
  • གཙོ་རིམ་ཅན་གྱི་ས་སྡེའི་དངུལ་འབྲེལ་རྒྱབ་སྐྱོར་འདི་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་པའི་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་ཚུ་རྒྱ་བཀོད་གཏང་ནི་དང་ ཚོང་ལཱ་གསརཔ་འགོ་བཙུགས་ནིའི་དོན་ལུ་འཐོབ་ཚུགས།

Loan Limits

  • Individuals – Loan limit of Nu. 0.5 million (max. investment size) for primary production under Agricultural CSI

  • Integrated Activity – Nu.10 million

  • Groups / Cooperatives – Nu. 10 million (max. investment size)

    • Registered with DAMC/Forestry (Agri)

    • Partnership businesses (Non-Agri)

  • Incorporated Companies – Nu. 10 million (max. investment size)

The loan limits for agriculture CSI as well as for non-agriculture CSI will be based on the PSL guidelines and will be subject to change as and when PSL guidelines are revised.

བསྐྱིན་འགྲུལ་གྱི་ཚད།

  • སོ་ནམ་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆང་བའི་འོག་ལུ་ བཀོད་ཡོད་མི་ངོ་དེ་གིས་ རང་སོའི་ཐོན་སྐྱེད་བཟོ་བསྐྲུན་གྱི་དོན་ལུ་ མ་རྩ་མཐོ་ཤོས་རང་ དངུལ་ཀྲམ་ ས་ཡ་༠.༥ འཐོབ།
  • མཉམ་སྡེབ་ཅན་གྱི་ལས་སྣ་གྱི་དོན་ལུ་ དངུལ་ཀྲམ་ ས་ཡ་ ༡༠
  • སྡེ་ཚན་ཡང་ན་ མཉམ་ལས་ཚོགས་སྡེ་གི་ ལས་འགུལ་གྱི་མ་རྩ་མཐོ་ཤོས་རང་ དངུལ་ཀྲམ་ས་ཡ་ ༡༠ འཐོབ།
    • དྲི་ཨེ་ཨེམ་སི་/ནགས་ཚལ་ (DAMC/Forestry) སོ་ནམ་དང་འབྲེལ་བའི་ཚོང་ལས་འོཐ་ལུ་ཐོ་བཀོད།
    • སོ་ནམ་དང་འབྲེལ་བ་མེད་པའི་མཉམ་འབྲེལ་ཚོང་ལས།
  • མཉམ་སྡེ་འབད་ཡོད་པའི་ཚོང་སྡེ་ཀྱི་ད་ལུ་ མ་རྩ་མཐོ་ཤོས་རང་ དངུལ་ཀྲམ་ ས་ཡ་ ༡༠ འཐོབ།

སོ་ནམ་དང་འབྲེལ་བའི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་དང་ སོ་ནམ་དང་འབྲེལ་བ་མེད་པའི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་ཚུ་གི་དོན་ལུ་ བསྐྱིན་འགྲུལ་གྱི་ཚད་དེ་ཡང་ གཙོ་རི་ཅན་གྱི་ལས་སྡེའི་བསྐྱིན་འགྲུལ་གྱི་ལམ་སྟོན་དང་འཁྲིལ་ཏེ་ཨིནམ་ད་ དེ་ཡང་ ལམ་སྟོན་འདི་བསྐྱར་ཞིབ་འབད་བའི་སྐབས་ལུ་ འགྱུར་ཡི་རང་འགྱོ་འོང་།

བསྐྱིན་འགྲུལ་གྱི་གནས་ཡུན།

  • སོ་ནམ་གྱི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བའི་དོན་ལུ་ མངལ་རྫོགས་དུས་ཡུན་རྩིས་ཏེ་ དུས་ཡུན་ལོ་ངོ་ ༥
  • སོ་ནམ་དང་འབྲེལ་བ་མེད་པའི་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བའི་དོན་ལུ མངལ་རྫོགས་དུས་ཡུན་རྩིས་ཏེ་ ལོ་ངོ ༡༥

སྤྱི་ལོ་ ༢༠༡༨ ཀྱི་ བསྐྱིན་འགྲུལ་གྱི་གདམ་ཁ་ཅན་གྱི་སྐྱེད།

  • སོ་ནམ་གྱི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བའི་འོག་ལུ་ ཐོ་བཀོད་ཡོད་མི་ཚོང་ལས་ཚུ་གིས་ རང་སོའི་སྐྱེད་བཟོ་བསྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་གྱི་སྐྱེད་ཀྱི་ཚད་དེ་ཡང་ བརྒྱ་ཆ་ ༨
  • སོ་ནམ་དང་འབྲེལ་བ་མེད་པའི་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་དང་ སོ་ནམ་གྱི་གནས་གོང་ཁ་སྐོང་ཡོད་པའི་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་ནང་ལུ་ བསྐྱིན་འགྲུལ་གྱི་གདམ་ཁ་ཅན་གྱི་སྐྱེད་དེ་ཡང་ བརྒྱ་ཆ་ ༨.༥

བུ་ལོན་གྱི་བགོ་བཤའི་གནས་གོང་ཆ་ཚད།

  • སོ་ནམ་གྱི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ(རང་སོའི་ཐོན་སྐྱེད་བཟོ་བསྐྲུན།) གི་དོན་ལུ་ དངུལ་གྱི་བུ་ལོན་འདི་ བརྒྱ་ཆ་ ༡༠༠ ཐམ་པ།
  • སོ་ནམ་དང་འབྲེལ་བ་མེད་པའི་ ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བ་དང་ གནས་གོང་ཁ་སྐོང་ཡོད་པའི་སོ་ནམ་གྱི་ནང་བཟོ་ཚོང་ལས་དང་བཟོ་གྲྭ་ཆུང་བའི་དོན་ལུ་ མ་དངུལ་གྱི་བུ་ལོན་བགོ་བཤའི་གནས་གོང་འདི་ ༧༠:༣༠ ཡོདཔ་ཨིན།

ཡིག་ཆ་ཚང་དགོཔ།

  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ གཙོ་རིམ་ཅན་གྱི་ལས་སྡེའི་བསྐྱིན་འགྲུལ་གྱི་ཞུ་ཡིག་འབྲི་ཤོག་དང་ འབྲི་ཤོག་རེ་རེ་གུ་ལུ་ མིང་རྟགས་ཧྲིལ་བུ་སྦེ་གནང་དགོ
  • བསྐྱིན་འགྲུལ་གྱི་ཚད་ ས་ཡ་ ༠.༥ ལས་ ས་ཡ་ ༡.༠ འབད་མི་གི་དོན་ལུ་ ཚོང་འབྲེལ་གྱི་གྲོས་འཆར་འདི་ འོས་འབབ་དང་འཁྲིལ་ ཚུལ་མཐུནམ་སྦེ་བསྐང་དགོ
  • བསྐྱིན་འགྲུལ་གྱི་ཚད་ ས་ཡ་ ༠.༥ ལས་ ས་ཡ་ ༡.༠ འབད་མི་གི་དོན་ལུ་ཚོང་ལས་ཀྱི་གྲོས་འཆར་ཁ་གསལ་དང་ མ་དངུལ་གྱི་སྔོན་རྩིས།
  • བསྐྱིན་འགྲུལ་ལེན་མི་གི་ ཆ་གནས་ཡོད་པའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་དང་ འབྲེལ་བ་ཡོད་ན་ ཁྲི་འཛིན། ཡིག་ཚང་ནང་གོ་གནས་འཆང་མི་ཚུ་དང་རྩིས་འཛིན་པ་ཚུ་གི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག་དང་ འབྲེལ་བ་ཡོད་པ་ཅིན་ ཁྲི་འཛིན། ཡིག་ཚང་ནང་གོ་གནས་འཆང་མི་ཚུ་དང་རྩིས་འཛིན་པ་ཚུ་གི་ པར་གསརཔ་རེ་རེ་དགོ།
  • བསྐྱིན་འགྲུལ་ལེན་མི་གི་ཁྲིམས་སྲུང་ཉོག་མེད་ལག་ཁྱེར་དང་ འབྲེལ་བ་ཡོད་པ་ཅིན་ ཁྲི་འཛིན། ཡིག་ཚང་ནང་གོ་གནས་འཆང་མི་ཚུ་དང་རྩིས་འཛིན་པ་ཚུ་གི་ ཁྲིམས་སྲུང་ཉོག་མེད་ལག་ཁྱེར་ཚུ་དགོ།
  • འབྲེལ་བ་ཡོད་ན་ གཙོ་རིམ་ཅན་གྱི་ལས་སྡེའི་བསྐྱིན་འགྲུལ་ཐོག་ལས་ ཚོང་ལས་ཀྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་ ས་ཆ་གིག་བདག་དབང་ལག་ཁྱེར་ཚུ་དགོ
  • མཉམ་འབྲེལ་/མཉམ་རུབ་ཐོག་ཨིན་པ་ཅིན་ མཉམ་འབྲེལ་ཡོད་པའི་ཇོ་བདག་/མཉམ་རུབ་ཇོ་བདག་ཚུ་ལས་ རྒེད་འོག་གི་རྒཔོ་གིས་ དཔང་པོ་ཐོག་ལས་ གནང་བའི་ཡི་གུ་དགོ (འོས་འབབ་དང་འཁྲིལ།)
  • ས་ཆ་འདི་ བཟང་ཚང་གཅིག་གི་མིང་ཐོག་ལུ་འབད་བ་ཅིན་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱིས་ གནང་ཡོད་པའི་ བཟའ་ཚང་གི་ཐོ་དགོ་པའི་ཁར་ སྐྱེས་ལོ་ ༡༨ ཡན་ཆད་འབད་མི་ བཟའ་ཚང་གི་འཐུས་མི་ཚུ་ལས་ ཉོག་མེད་ཀྱི་ཡི་གུ་ཚུ་དགོ (འོས་འབབ་དང་འཁྲིལ།)
  • ས་ཆ་འདི་གླ་ཁར་ལེན་ལེནམ་ཨིན་པ་ཅིན་ ཚོང་སྒྱུར་འབད་ཡོད་པའི་གན་ཡིག་དང་ ཇོ་བདག་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ་ཚུ་དགོ (འོས་འབབ་དང་འཁྲིལ།)
  • ཆ་འཇོག་འབད་ཡོད་པའི་ སྒྲིང་ཁྱིམ་དང་བཟོ་བསྐྲུན་གྱི་བཟོ་བཀོད་རིས་མོ་དང་ འབྲེལ་ཡོད་ཀྱི་ལས་སྡེ་ཚུ་ལས་ བཟོ་བསྐྲུན་གྱི་དོན་ལུ་ གནང་བ་སྤྲོད་ཡོད་པའི་གནང་བའི་ཡི་གུ(འོས་འབབ་དང་འཁྲིལ།)
  • ཨོཕ་ཀྲེཊ་ གི་གན་ཡིག་ཚུ་ འབྲེལ་བ་ཡོད་དང་འཁྲིལ་དགོ
  • མཉམ་འབྲེལ་/མཉམ་ལས་/སྡེ་ཚན་/ཚོང་སྡེ་ཨིན་པ་ཅིན་ སྡེ་ཚན་གྱིས་བཏོན་ཡོད་པའི་གྲོས་ཆོད་དང་ ལས་ཚོགས་འདི་གི་སྐོར་ལས་རྩོམ་བྲིས་འབད་ཡོད་པའི་འདྲུ་ཚུ་དགོ་དགོ

འབྲི་ཤོག་ཕབ་ལེན།

  • ང་བཅས་དང་ བརྒྱུད་འཕྲིན་ཨང་ : ༡༠༩༥ ནང་ འབྲེལ་བ་མཛད་གནང་།
  • ང་བཅས་ལུ་ : [email protected] ནང་ གློག་འཕྲིན་གཏང་གནང་།
  • ལོག་སྟེ་ བརྒྱུད་འཕྲིན་གཏང་+༩༧༥